མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོའི་དགེ་སྒྲུབ་ཡར་ཐོན་སྟོན་གྲངས་ཁྱབ་བསྒྲགས་བྱས་པ་དང་པེ་ཅིང་དང་། ཧྲང་ཧའེ།
ཅང་སུའུ། ཀྲེ་ཅང་། ཀོང་ཏུང་བཅས་ཨང་དང་པོ་ནས་ལྔ་པར་སླེབས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་31ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན།  པེ་ཅིང་དགེ་འོས་སློབ་ཆེན་ཀྲུང་གོའི་སྤྱི་ཕན་ཞིབ་འཇུག་ཁང་དང་ཧྲེན་ཀྲེན་རྒྱལ་སྤྱིའི་སྤྱི་ཕན་སློབ་གླིང་གིས་གོང་ཚེས་ཉིན་པེ་ཅིང་དུ“ཀྲུང་གོའི་དགེ་སྒྲུབ་ཡར་ཐོན་སྟོན་གྲངས”ཁྱབ་བསྒྲགས་བྱས་ཤིང་། 《ཀྲུང་གོའི་བསྡོམས་རྩིས་ལོ་རིམ་མེ་ལོང་》སོགས་དབང་གྲགས་ལྡན་པའི་དཔེ་སྐྲུན་དངོས་པོའི་གྲངས་གཞི་གཞིར་བཟུང་། 2014ལོའི་ཀྲུང་གོའི་དགེ་སྒྲུབ་ཡར་ཐོན་སྟོན་གྲངས་ཀྱི་ཨང་རིམ་དང་པོ་ནས་བཅུ་པ་བར་གྱི་ཞིང་ཆེན་ནི་(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)པེ་ཅིང་དང་། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཀོང་ཏུང་། ཉིང་ཞ། ཧྲན་ཏུང་། ཁྲུང་ཆིང་། ཧུའུ་ནན། ཧྥུའུ་ཅན་བཅས་ཡིན་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། “ཀྲུང་གོའི་དགེ་སྒྲུབ་ཡར་ཐོན་སྟོན་གྲངས”ཀྱི་ཁྱད་ཆོས་དེ“ཀྲུང་གོའི་དགེ་སྒྲུབ་ཡར་ཐོན་སྟོན་གྲངས”ལ་སྲིད་ཇུས་ཀྱི་ཁོར་ཡུག་དང་། རྩ་འཛུགས་འཕེལ་རྒྱས། ཤུགས་རྐྱེན་ཐེབས་ནུས། སྤྱི་ཚོགས་ཞུགས་པ་སོགས་ཀྱི་རིམ་པ་དང་པོའི་དམིགས་ཚད་4དང་རིམ་པ་གཉིས་པའི་དམིགས་ཚད་20ལས་གྲུབ་པ་དང་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཕུད་པའི་རྒྱལ་ཡོངས་ཀྱི་ཞིང་ཆེན་31གདེང་འཇོག་བྱ་ཡུལ་ནང་བཞག་པ་དང་གྲངས་གཞི་གཙོ་བོ་ནི་《ཀྲུང་གོའི་བསྡོམས་རྩིས་ལོ་རིམ་མེ་ལོང་》དང་《ཀྲུང་གོའི་དམངས་སྲིད་བསྡོམས་རྩིས་མེ་ལོང་》སོགས་ཆ་འཕྲིན་ཡོངས་བསྒྲགས་ནས་བྱུང་བ་ཞིག་ཡིན།