མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཧུང་ཤིའུ་ཀྲུའུ་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་
བཀྲ་ཤིས་བདེ་ལེགས་ཞུས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་26ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཧུང་ཤིའུ་ཀྲུའུ་ལ་གློག་འཕྲིན་བཏང་གནང་ནས་ཁོང་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་ནས་གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱིས་མི་རིགས་ཀྱི་དྲང་བདེན་དང་སྤུན་ཟླའི་བདེ་སྐྱིད་བློ་ལ་བཅངས་ཏེ“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མུ་མཐུད་མཐའ་འཁྱོངས་བྱེད་པ་དང“ཐའེ་དབན་གྱི་རང་བཙན”ལ་ངོ་རྒོལ་བྱས་ཏེ་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་སྤེལ་རེས་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་ཡོང་བ་དང་ཐའེ་དབན་མཚོ་འགག་ཞི་བདེ་བརྟན་ལྷིང་ཡོང་རྒྱུར་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས་བློ་སེམས་གཅིག་མཐུན་ངང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་ཐུགས་རེ་བཏོན་གནང་བ་རེད། 
         དེ་ཉིན་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཧུང་ཤིའུ་ཀྲུའུ་ཡིས་ལན་འདེབས་གློག་འཕྲིན་སྤྲིངས་ནས་ཞིས་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུས་ཏེ་ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་པས་ཏང་གཉིས་ཀྱིས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མུ་མཐུད་རྒྱུན་འཛིན་བྱས་ནས་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ་ངོགས་གཉིས་ཀྱི་སྤུན་ཟླ་ཚོར་ཕན་བདེ་དང་བདེ་སྐྱིད་དེ་བས་མང་བ་བསྐྲུན་རྒྱུ་ཡིན་ཞེས་བསྟན་པ་རེད།