མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དྲག་ཆས་ཉེན་རྟོག་དཔུང་སྡེས་འཛམ་གླིང་གི་རྩེར་སོན་གྱི་འཇིགས་རྒོལ་དམིགས་བསལ་
དམག་འཐབ་ལུའེ་འཛུགས་མགྱོགས་སུ་བཏང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན་གྱི་སྔ་དྲོ་དྲག་ཆས་ཉེན་རྟོག་དཔུང་སྡེའི་སི་ལིང་ཡོན་ཝང་ཉིང་དང་ཆབ་སྲིད་ཨུ་ཡོན་སུན་སི་ཅིང་གིས་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཏང་ཨུད་ཀྱི་རྒྱུན་ཨུའི་སྣེ་འཁྲིད་དེ་མཉམ་དུ་དྲག་ཆས་ཉེན་རྟོག་དམིགས་བསལ་ཉེན་རྟོག་སློབ་གླིང་དུ་བསྐྱོད་ནས་ལོ་གཉིས་རིང་རྔོན་ཁྲ་འཕྲལ་རྒོལ་རུ་ཁག་གིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་དར་ཆ་སྤྲོད་སྐབས་གནང་བའི་བཀའ་སློབ་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ཞིབ་བཤེར་བརྟག་ཞིབ་གནང་བ་དང་དམིགས་བསལ་དམག་འཐབ་དཔུང་སྡེའི་འཇིགས་རྒོལ་སྦྱོང་བརྡར་བྱ་ཐབས་གསར་པར་གཅིག་སྡུད་ངང་ཞིབ་འཇུག་འཚོལ་ཞིབ་བྱས་ཏེ་རྒྱལ་སྤྱིའི་རྩེར་སོན་གྱི་འཇིགས་རྒོལ་དམིགས་བསལ་དམག་འཐབ་ལུའེ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གང་མགྱོགས་བཏང་བ་རེད།
         2014ལོའི་ཟླ་4ཚེས་9ཉིན་ཀྲུའུ་ཞི་ཞིས་ཅིན་ཕིང་སྐུ་ངོ་མས་རྔོན་ཁྲ་འཕྲལ་རྒོལ་རུ་ཁག་ལ་དར་ཆ་སྤྲད་གནང་ནས་རྒྱལ་སྤྱིའི་རྩེར་སོན་གྱི་འཇིགས་རྒོལ་དམིགས་བསལ་དམག་འཐབ་ལུའེ་འཛུགས་རྒྱུའི་སྐུལ་སློང་བཀའ་རྒྱ་བཏང་གནང་བ་རེད། ལོ་གཉིས་རིང་དྲག་ཆས་ཉེན་རྟོག་དཔུང་སྡེས་ཀྲུའུ་ཞི་ཞིས་ཅིན་ཕིང་གི་དར་ཆ་སྤྲོད་སྐབས་ཀྱི་བཀའ་སློབ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་དང་《འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་གྱི་བཅའ་ཁྲིམས་》ཁྱོན་ཡོངས་ནས་ལག་བསྟར་དང་། གྲ་སྒྲིག་མེད་ཀྱང་འཕྲལ་དུ་གཏུམ་སྤྱོད་དོན་རྐྱེན་ཚབས་ཆེན་ཐག་གཅོད་ཐུབ་རྒྱུར་དམིགས་པ། རྒྱལ་ནང་གི་རིམ་པ་དང་པོ་དང་རྒྱལ་སྤྱིའི་རྩེར་སོན་གྱི་འཇིགས་རྒོལ་དམིགས་བསལ་དམག་འཐབ་ལུའེ་འཛུགས་མགྱོགས་སུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་གྱི་འཐབ་འཛིང་པ་ཞིག་ཏུ་མཐའ་གཅིག་ཏུ་འགྱུར་བ་བྱས་ཡོད་པ་རེད།
         དྲག་ཆས་ཉེན་རྟོག་དམིགས་བསལ་ཉེན་རྟོག་སློབ་གླིང་ནི་1982ལོར་བཙུགས་པའི་གནམ་གྲུ་བཙན་ཁྲིད་ལ་རྒོལ་བའི་དམིགས་བསལ་ཉེན་རྟོག་དཔུང་སྡེ་ཞིག་ཡིན་པ་དང་། དྲག་ཆས་ཉེན་རྟོག་སྤྱི་ཁྱབ་པུས་ཐད་ཀར་འགོ་ཁྲིད་དང་བཀོད་འདོམས་བྱེད་པའི་རྒྱལ་ཁབ་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་མཁན་སྟོབས་ཤུགས་ཤིག་རེད། 2014ལོའི་ཟླ་2ཚེས་20ཉིན་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སློབ་གླིང་དེའི་དམིགས་བསལ་དམག་འཐབ་རུ་ཆེན་ལ་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེའི“རྔོན་ཁྲ་འཕྲལ་རྒོལ་རུ་ཁག”ཅེས་པའི་མཚན་སྙན་གནང་བ་རེད།
         ད་ཕན་ལོ་ཤས་རིང་རྔོན་ཁྲ་འཕྲལ་རྒོལ་རུ་ཁག་གིས་རྗེས་སུ་APECཚོགས་འདུ་དང་། འཛམ་གླིང་གི་དྲ་སྦྲེལ་ཚོཌ་ཆེན། པོ་ཨའོ་གླེང་སྟེགས། “9·3”དམག་གཟིགས་བདེ་སྲུང་སོགས་ཀྱི་ལས་འགན་གལ་ཆེན་ལེགས་སྒྲུབ་བྱས་པ་དང་། བསྐོར་བཅོམ་འཛིན་གསོད་དང་། དྲག་ཆས་གཙང་བཤེར། ཉེན་ཁ་དང་འབར་རྫས་གྲལ་བཤེར་སོགས་ཀྱི་དཀའ་ཚེགས་ཆེ་བའི་ལས་འགན་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་སྒྲུབ་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཕུལ་ཡོད་པ་རེད།