མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་བརྡ་ཐོ་བཏང་ནས་འཐབ་ཕྱོགས་གཅིག་གྱུར་གྱི་གོང་བུ་
གཅིག་ཏུ་འགྲིལ་ནས“ལོ་ལྔ་ཚན་བཅུ་གསུམ་པའི”བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཉེ་དུས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་《〈འཐབ་ཕྱོགས་གཅིག་གྱུར་གྱི་གོང་བུ་གཅིག་ཏུ་འགྲིལ་ནས“ལོ་ལྔ་ཚན་བཅུ་གསུམ་པའི”བྱ་སྤྱོད་ལག་བསྟར་བྱ་ཐབས་〉ཀྱི་བརྡ་ཐོ》པར་འགྲེམས་བྱས་ནས། རིམ་ཁག་འཐབ་ཕྱོགས་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱས་ནས། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྐུལ་འདེད་ལ་དམ་པོར་དམིགས་ཏེ། གསར་གཏོད་དང་། མཐུན་སྦྱོར། སྔོ་ལྗང་། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་ནས་ལག་བསྟར་དོན་འཁྱོལ་དང་འཐབ་ཕྱོགས་སྡེ་ཚན་དང་། འཐབ་ཕྱོཊ་ཁོངས་གཏོགས། འཐབ་ཕྱོགས་གཅིག་གྱུར་བཅས་ཀྱི་ཁོངས་མིའི་ཐོན་ཁུངས་སྟོབས་ཤུགས་བསྡུ་སྒྲིལ་གྱིས་འཐབ་ཕྱོགས་གཅིག་གྱུར་གྱི་ལེགས་ཆའི་ནུས་པ་འདོན་སྤེལ་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་ལས་འགན་ཁག་ལེགས་གྲུབ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཆེད། ཐུན་མོང་གི་ངོས་འཛིན་གོང་བུ་གཅིག་ཏུ་འགྲིལ་བ་དང་། ཤེས་རིག་གོང་བུ་གཅིག་ཏུ་འགྲིལ་བ། སྟོབས་ཤུགས་གོང་བུ་གཅིག་ཏུ་འགྲིལ་བ་བཅས་བྱས་ཡོད།
         བརྡ་ཐོའི་ནང་། འཐབ་ཕྱོགས་གཅིག་གྱུར་གྱི་གོང་བུ་གཅིག་ཏུ་འགྲིལ་བའི“ལོ་ལྔ་ཚན་བཅུ་གསུམ་པའི”བྱ་སྤྱོད་དེ་སླད་ཕྱིན་ལོ་ལྔ་ཡི་རིང་གི་འཐབ་ཕྱོགས་གཅིག་གྱུར་གྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་སྤྱིའི་སྤུས་རྟགས་དང་དམ་འཛིན་བྱ་གཞི་ཞིག་ཡིན་པས། ད་ཆོས་མངོན་གསལ་དོད་པ་མཐའ་འཁྱོངས་དང་། གཙོ་གནད་མངོན་གསལ་དོད་པ་མཐའ་འཁྱོངས། ཕན་འབྲས་མངོན་གསལ་དོད་པ་མཐའ་འཁྱོངས་བཅས་བྱས་ཏེ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གཙོ་གནད་ལས་འགན་གཅིག་ཏུ་བསྡུས་པ་བརྒྱུད་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་འཁོར་གྱི་ལས་དོན་དང་དུས་སྐབས་རིང་འབྲིང་གི་ལས་དོན་སྤྱི་འདོམས་དང་དམངས་འཚོར་ཕན་འདོགས་པའི་རྣམ་གྲངས་ཀྱི་འཆར་འགོད་ཁག་གཅིག་ལག་བསྟར་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱ་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཐོག ཆབ་སྲིད་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་དུས་མཚུངས་སུ་མཐོ་རུ་གཏོང་དགོས་ལུགས་བསྟན་ཡོད།
         བརྡ་ཐོའི་ནང་། ཐུན་མོང་གི་ངོས་འཛིན་གོང་བུ་གཅིག་ཏུ་འགྲིལ་བའི་བྱ་སྤྱོད་གཏིང་ཟབ་སྤེལ་ནས། དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྒྲིག་འཛུགས་དང་སྣེ་ཁྲིད་ཀྱིས། བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ཏེ། ཏང་ཕྱིའི་འཐུས་མིའི་ཐུན་མོང་ངོས་འཛིན་ལ་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། འདུ་ཤེས་འཛིན་སྟངས་ལས་དོན་ནང་ཏང་ཕྱིའི་མི་སྣ་ཞུགས་པའི་གོང་བུ་གཅིག་ཏུ་འགྲིལ་བའི་ཐུན་མོང་གི་ངོས་འཛིན་ཆགས་པ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིག་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
         ཤེས་རིག་གོང་བུ་གཅིག་ཏུ་འགྲིལ་བའི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་དམངས་གཙོའི་གྲོས་མོལ་ནང་ཏང་ཕྱིའི་མི་སྣ་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྟོག་ཞིབ་བརྟག་ཞིབ་དང་དམངས་གཙོའི་ལྟ་སྐུལ་གཙོ་གནད་ཐོག་བྱས་ཏེ་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ལ་ཕྱོགས་གསུམ་པའི་དཔྱད་དཔོག་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་འདོན་ཇུས་བཀོད་ཀྱི་རིག་མཛོད་མནའ་འབྲེལ་གཏོད་དགོས།
         སྟོབས་ཤུགས་གོང་བུ་གཅིག་ཏུ་འགྲིལ་བའི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་པའི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་མ་བཏང་སྟེ། རིག་སྟོབས་ལ་བརྟེན་ནས་མཐའ་མཚམས་ལ་རྒྱབ་སྐྱོར་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུས་ནས། ཏང་ཕྱིའི་མི་སྣའི་སྣེ་འཁྲིད་དེ་བྱ་གཞག་གསར་གཏོད་ཀྱིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ་དང་། མི་རིགས་ས་ཁུལ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་མ་གཏོང་བ་དང་ཆབས་ཅིག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ཁྲོད་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས། ཤང་ཀང་དང་ཨའོ་མོན་གྱི་བཟོ་ཚོང་ལས་རིགས་ཀྱི་མི་སྣ་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་ལག་བསྟར་ནང་ཞུགས་རྒྱུའི་ཁྲིད་སྟོན་བྱེད་དགོས།