མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་འབྱུང་འགྱུར་ལོ་ལྔའི་ནང་མ་དངུལ་སྒོར་དུང་ཕྱུར་
ཁྲི་1.5བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་17ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། འབྱུང་འགྱུར་ལོ་ལྔའི་ནང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ཉུང་མཐར་ཡང་མ་རྩ་མཉམ་འདྲེས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.5བཏང་སྟེ། ས་ཁུལ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་དང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། སློབ་གསོ་འཕྲོད་བསྟེན་ལེགས་གཏོང་སོགས་ཀྱི་ཁྱབ་ཁོངས་ལ་གནད་སྨིན་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
         རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་ཏུང་ཧྲི་ཀྲང་ཧུའུ་ཧོའེ་པང་གིས་གྲོང་ཚོ་དབུལ་པོ་དང་མི་འབོར་དབུལ་པོར་ཡིག་ཚགས་དང་གཱ་བཟོ་རྒྱུར་དམིགས་ནས་གནད་སྨིན་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་རྒྱུ་འཇུག་གཞིར་བྱས་ནས“ཞིང་ཆེན་ལ་དོན་འཁྱོལ་བྱེད་པའི”བྱེད་སྟངས་སྤྱད་དེ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ཐད་དངུལ་བུན་གཏོང་བ་དང་ཆེད་དོན་ཐེབས་རྩའི་ལས་དོན་ཡག་པོ་བསྒྲུབ་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་བྱེད་རྒྱུ་ཤུགས་རྒྱག་སར་བྱས་ནས“རྫོང་དུ་དོན་འཁྱོལ་བྱེད་པའི”བྱེད་སྟངས་སྤྱད་དེ་རྫོང་དབུལ་པོའི་མ་དངུལ་དང་ཐོན་ཁུངས་བསྡུ་སྒྲིལ་གྱིས་མ་རྩ་མཉམ་འདྲེས་བྱེད་སྟངས་གསར་གཏོད་བྱས་པ་བརྒྱུད་དབུལ་སྒྲོལ་འགག་སྒྲོལ་གྱི་འཇུར་མིག་གི་ཚོད་འཛིན་སེལ་རྒྱུ། ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་འབད་བརྩོན་བྱེད་སར་བྱས་ནས་དབུལ་སྐྱོར་གསར་སྤེལ་ལས་དོན་དེ་དངུལ་བུན་ཚོད་ལྟའི་ས་ཚིགས་སུ་བསྒྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང“གྲོང་ཚོར་(དུད་ཚང)དོན་འཁྱོལ་བྱེད་པའི”བྱེད་སྟངས་སྤྱད་དེ་མི་འབོར་དབུལ་པོ་འབབ་འཕར་དབུལ་སྒྲོལ་ཐུབ་རྒྱུར་གནད་སྨིན་རྒྱབ་སྐྱོར་བྱ་རྒྱུ། སློབ་གསོའི་དབུལ་སྐྱོར་དེ་གཞི་འཛིན་སར་བྱས་ནས་སློབ་ཁུངས་ས་ཆའི་སློབ་སྐྱོར་དངུལ་བུན་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པའི་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུར་ཞིབ་འཇུག་བྱས་ཏེ་ཞིང་དུད་དབུལ་པོའི་ལས་ཞུགས་རྩལ་ནུས་གསོ་སྦྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།