མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱིས་དཀའ་གནས་སུ་གྱར་པའི་བྱིས་པའི་འགན་ལེན་སྲིད་ཇུས་དོན་འཁྱོལ་ཡོང་
བའི“མཐའ་མའི་འགག་གནད”ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་19ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉམས་ཞན་ཚོགས་སྤྱིར་གྱུར་པའི་དཀའ་གནས་སུ་གྱར་བའི་བྱིས་པར་སྔར་ནས་བཟུང་སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《དཀའ་གནས་སུ་གྱར་བའི་བྱིས་པར་དམིགས་པའི་འགན་ལེན་ལས་ཀར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམས་པའི་ནང་། དཀའ་གནས་སུ་གྱར་བའི་བྱིས་པར་འཕྲད་པའི་མངོན་གསལ་དོད་པོའི་དཀའ་ངལ་དང་འགན་ལེན་ལས་ཀའི་ཁྲོད་ཀྱི་གཙོ་བོའི་གནད་དོན་ལ་དམིགས་ཏེ་བྱིས་པའི་འགན་ལེན་ལས་ཀའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཏོན་ཡོད་པ་མ་ཟད། ལྷག་པར་དུ། གྲོང་མི(གྲོང་ལྷན)ཨུ་ལྷན་གྱིས་བྱིས་པའི་ཕན་བདེའི་ལྟ་སྐུལ་མཛུབ་འཁྲིད་མཁན་ནམ་ཡང་ན་བྱིས་པའི་ཁེ་དབང་ལ་ལྟ་སྐུལ་བྱེད་མཁན་བཙུགས་ཏེ་དཀའ་གནས་སུ་གྱར་པའི་བྱིས་པའི་ཁེ་དབང་འགན་ལེན་བྱེད་པའི་གཞི་རིམ་གྱི་རྒྱུན་གཏན་ལས་ཀའི་འགན་འཁུར་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད།
         “དཀའ་གནས་སུ་གྱར་པའི་བྱིས་པའི་འགན་ལེན་ལས་ཀའི་ལྟེ་བ་གཞི་རིམ་དུ་གནས་པ་དང་ཞབས་འདེགས་ཞུ་ཡུལ་གཙོ་བོ་གཞི་རིམ་ཡིན། རང་རྒྱལ་ལ་གྲོང་མི(གྲོང་ལྷན)ཨུ་ལྷན་ཁྲི་69ཡོད་ཅིང་། གལ་ཏེ་རང་རྒྱལ་ལ་ལས་འགན་གཅིག་ལྕོགས་འཁུར་མཁན་ནམ་ཡང་ན་ཆེད་འགན་འཁུར་མཁན་གྱི་བྱིས་པའི་ཕན་བདེའི་ལྟ་སྐུལ་མཛུབ་ཁྲིད་མཁན་ཁྲི་69ལས་གྲུབ་པའི་ལས་དོན་རུ་ཁག་ཅིག་ཐོན་ནས་དེས་གྲོང་མི(གྲོང་ལྷན)ཨུ་ལྷན་དུ‘མཐའ་མའི་འགག་གནད’ཐག་གཅོད་བྱས་ཏེ་ལས་ཀ་རྒྱུན་གཏན་དུ་གྱུར་པར་བྱས་ཚེ། བྱིས་པའི་སྲིད་ཇུས་ཁག་ལག་བསྟར་བྱ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ནས་དཀའ་གནས་སུ་གྱར་པའི་བྱིས་པའི་གནད་དོན་ཁག་སྔོན་འགོག་སྔ་ཙམ་དང་དུས་ཐོག་ཏུ་ཤེས་རྟོགས་ཐུབ་ནས་ཐག་གཅོད་ཡག་པོ་ཡོང་རྒྱུ་རེད”ཅེས་དམངས་སྲིད་པུའུ་སྤྱི་ཚོགས་ཕན་བདེ་དང་དགེ་སྒྲུབ་བྱ་གཞག་སྐུལ་མ་སིའི་སི་ཀྲང་གཞོན་པ་ཞུས་ཅན་ཀྲུང་གིས་ཚེས་17ཉིན་《བསམ་འཆར་》ལ་དབྱེ་ཞིབ་བྱེད་སྐབས་དེ་ལྟར་འགྲེལ་བཤད་བརྒྱབ།
         ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། བྱིས་པའི་ཕན་བདེའི་ལྟ་སྐུལ་མཛུབ་ཁྲིད་མཁན་གྱི་ཞིབ་ཕྲའི་འགན་འཁྲི་གཙོ་བོ་ནི། དཀའ་གནས་སུ་གྱར་པའི་བྱིས་པའི་གཞི་རྩའི་གནས་ཚུལ་གསལ་རྟོགས་བྱས་ཏེ་ཐོ་འགོད་ཡིག་ཚགས་བཟོ་དགོས་པ་དང་། དུས་བཀག་ལྟར་དཀའ་གནས་སུ་གྱར་པའི་བྱིས་པའི་ཁྱིམ་དུ་བསྐྱོད་དེ་དཀའ་ངལ་ཤེས་རྟོགས་དང་རེ་ཞུར་དུས་ཐོག་ཏུ་ལན་འདེབས་དགོས་པ། ལྟ་སྐྱོང་མཁན་གྱིས་ལྟ་སྐྱོང་གི་འགན་འཁྲི་བསྒྲུབ་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པ་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཉིན་ཐོ་བྲིས་ཏེ་གོང་རིམ་མཛུབ་ཁྲིད་ལྟེ་གནས་ལ་གནས་ཚུལ་སྙན་སེང་ཞུ་དགོས་པ། དཀའ་གནས་སུ་གྱར་པའི་བྱིས་པ་དང་དེ་བཞིན་ཁྱིམ་ཚང་ལ་རོགས་པ་བྱས་ཏེ་འབྲེལ་ཡོད་སྡེ་ཚན་ལ་འབྲེལ་བ་བྱས་ནས་འགན་ལེན་སྲིད་ཇུས་ཁག་དོན་འཁྱོལ་ཡོང་རྒྱུའི་བརྩོན་ལེན་བྱེད་དགོས་པ་སོགས་ཡིན་པ་རེད།