མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱི་ཆེས་སྔོན་ཐོན་གྱི་མཚོ་ཐོག་ཕྱོགས་བསྡུས་ཚན་ཞིབ་གྲུ་གཟིངས"ཤང་ཡང་
ཧུང་01"རྟགས་ཅན་དངོས་སུ་སྤྱོད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་20ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་18ཉིན་གྱི་སྔ་དྲོ། “ཤང་ཡང་ཧུང་01”རྟགས་ཅན་གྱི་མཚོ་ཐོག་ཕྱོགས་བསྡུས་ཚན་ཞིབ་གྲུ་གཟིངས་རྩིས་སྤྲོད་རྩིས་ལེན་དང་གྲུ་སྟར་ནང་ཞུགས་པའི་བྱང་བུ་སྤྲོད་པའི་མཛད་སྒོ་ཆིང་ཏའོ་རུ་འཚོགས་པ་དེ་ཐོག་ནས་རང་རྒྱལ་གྱི་དེང་སྐབས་ཆེས་སྔོན་ཐོན་གྱི་གོ་ལ་ཧྲིལ་པོ་རིམ་པའི་དེང་རབས་ཅན་གྱི་མཚོ་ཐོག་ཕྱོགས་བསྡུས་ཚན་ཞིབ་གྲུ་གཟིངས་ཐོན་གསར་པ“ཤང་ཡང་ཧུང་01”རྟགས་ཅན་རྩིས་སྤྲད་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་དང་འབྲེལ་ཀྲུང་གོའི་རྒྱལ་ཁབ་མཚོ་ཐོག་བརྟག་དཔྱད་གྲུ་གཟིངས་རུ་ཁག་གི་གྲུ་སྟར་ནང་དངོས་སུ་ཞུགས་པ་མཚོན་གྱི་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ཤང་ཡང་ཧུང་01”རྟགས་ཅན་གྲུ་གཟིངས་ཀྱིས་གོ་ལ་ཧྲིལ་པོའི་རྒྱ་མཚོ་ཆེ་གྲས་ཁག་གི་མཚོ་གཏིང་གི་ཁོར་ཡུག་དང་། མཚོ་འོག་ཐོན་ཁུངས་དང་ནུས་རྒྱུ་ཕྱོགས་བསྡུས་ཚད་འཇལ་དཔང་ལེན། རྒྱལ་ཁབ་ཀྱི་རྒྱ་མཚོའི་བདེ་འཇགས་ཁོར་ཡུག་གི་ཕྱོགས་བསྡུས་ལྟ་དཔྱད་དང་ཞིབ་འཇུག་སོགས་གཏིང་ཟབ་ལ་རྒྱང་རིང་བའི་རྒྱ་མཚོའི་ཚན་རིག་ཞིབ་འཇུག་ལས་འགན་གལ་ཆེན་སྒྲུབ་འགན་འཁུར་རྒྱུ་རེད།