མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱངཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་
ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོག་རྒྱུ་གཏན་འཁེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་27ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་26ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་འདི་ལོའི་ཟླ་10པར་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོག་རྒྱུ་གཏན་འཁེལ་བྱས་པ་དང་། ཚོགས་འདུའི་གྲོས་རིམ་གཙོ་བོ་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་དང་། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་གལ་ཆེའི་གནད་དོན་ལ་ཞིབ་འཇུག་བྱ་རྒྱུ། དུས་བབ་གསར་པའི་འོག་གི་ཏང་ནང་གི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་གཏན་འབེབས་བྱ་རྒྱུ། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ལྟ་ཞིབ་སྲོལ་ཡིག་(ཚད་ལྟའི་ལག་ལེན་བསྟར་རྒྱུ་)》ལ་དག་བཅོས་བྱ་རྒྱུ་བཅས་རེད། ཚོགས་འདུའི་ཐོག་མིག་སྔར་གྱི་དཔལ་འབྱོར་གནས་བབ་ལ་ཞིབ་འཇུག་བྱས་ཏེ་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱ་རྒྱུ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་རྒྱུ་རེད།