མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།གནད་དོན་ཐག་གཅོད་བྱ་རྒྱུ་དེ་འགོ་ནས་མཇུག་བར་ཁྱབ་པ་བྱེད་དགོས། 

“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་དགོས་པའི་སྐོར་གྱི་གླེང་ཐེངས་གཉིས་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་23ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མར་ཁེ་སིས“གནད་དོན་ནི་དུས་རབས་ཀྱི་འབོད་ཚིག་ཡིན། དེ་ཐོག་ནས་རང་ཉིད་ཀྱི་བསམ་པའི་ཉམས་འགྱུར་གྱི་ཆེས་དངོས་ཡོད་ཀྱི་འབོད་སྒྲ་མངོན་གྱི་ཡོད”ཅེས་གསུངས་མྱོང་ཡོད། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་ཟབ་ཏུ་གཏོང་དགོས་ན། གནད་དོན་ཐག་གཅོད་བྱ་རྒྱུ་དེ་འགོ་ནས་མཇུག་བར་ཁྱབ་པ་བྱས་ཏེ། གནད་དོན་ཐག་གཅོད་ཀྱི་སྒུལ་ཤུགས་ཐོག་ནས་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏོང་བ་དང་གནད་དོན་ཐག་གཅོད་ཀྱི་ཚད་གཞིའི་ཐོག་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས།
         ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“གལ་ཏེ་ཏང་དོ་དམ་ནུས་ལྡན་མ་བྱུང་བ་དང་། ཏང་བཅོས་སྐྱོང་ནན་པོ་མ་བྱུང་བ། མི་དམངས་མང་ཚོགས་ཀྱི་བསམ་འཆར་མང་བའི་ཏང་ནང་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་མ་བྱུང་ན། རང་རེའི་ཏང་གི་སྲིད་འཛིན་ཐོབ་ཐང་སྔ་ཕྱི་མ་གཏོགས་ཤོར་ངེས་དང་ལོ་རྒྱུས་ཀྱིས་དོར་ངེས་ཡིན”ཞེས་ནན་བཤད་གནང་ཡོད། གནད་དོན་གྱི་འདུ་ཤེས་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་ཉམས་མྱོང་གལ་ཆེན་ཞིག་ཡིན། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོར་དམིགས་བཀར་གྱི་དཔེ་ལྟ་ཞིབ་བཤེར་དང་དག་ཐེར་དོན་འཁྱོལ་གྱི་ལྷུ་ཚིགས་མེད་མོད། འོན་ཀྱང་སློབ་སྦྱོང་བྱེད་ཀྱིན་ཞིབ་བཤེར་དང་བཅོས་སྒྲིག་བྱེད་པ་དང་སློབ་སྦྱོང་ཞིབ་ཚགས་དང་། ཞིབ་བཤེར་ནན་པོ། བཅོས་སྒྲིག་ནན་པོ་བཅས་བྱ་རྒྱུ་དེ་ནི་སྔར་བཞིན་རྩ་བའི་བླང་བྱ་ཞིག་ཡིན། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོར་ཕན་འབྲས་ཐོབ་དགོས་ན། འགག་རྩ་ནི་ཞིབ་ཕྲའི་གནད་དོན་ལ་དམིགས་ནས་སློབ་སྦྱོང་དང་། ཞིབ་ཕྲའི་གནད་དོན་ལ་དམིགས་ནས་དག་ཐེར་བྱས་ཏེ་ཏང་ཡོན་དཔུང་ཁག་དང་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཁྲོད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུ་དེ་ཡིན།
         མིག་སྔའི་ཏང་ཡོན་ལས་བྱེད་དཔུང་ཁག་གི་ད་ལྟའི་གནས་ཚུལ་ལ་དབྱེ་ཞིབ་བྱས་ཏེ་ཡོངས་ཁྱབ་རང་བཞིན་དང་འཕེལ་ཕྱོགས་རང་བཞིན་གྱི་གནད་དོན་ལ་བལྟས་ཚེ། ཏང་གཤིས་ཀྱི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ་དང་། ཏང་ནང་གི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ། ལས་སྒྲུབ་དང་བྱ་གཞག་གསར་གཏོད་ཀྱི་སྙིང་སྟོབས་འཕེལ་རྒྱུ་བཅས་ཀྱི་ཐོག་སྔར་བས་གཅིག་སྡུད་བྱེད་དགོས། དད་སེམས་ཉམས་པ་དང་དད་སེམས་ལ་གཡོ་འགུལ་ཐེབས་པའི་གནད་དོན་དང་། དམིགས་ཡུལ་གྱི་འདུ་ཤེས་ཞན་པ་དང་མང་ཚོགས་དབར་གྱི་བརྩེ་སེམས་ཇེ་ཞན་དུ་འགྲོ་བའི་གནད་དོན། འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་འཛོལ་བའི་གནད་དོན་བཅས་ལ་དམིགས་ནས་ཏང་གཤིས་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ལ་བློ་དཀར་སེམས་དཀར་དང་། ཏང་གི་ཆེད་སེམས་ཁྲལ་བྱེད་པ། ཏང་གི་ཆེད་འགན་འཁྲི་ཁུར་བ། ཏང་གི་ཆེད་ལས་འགན་གཙང་སྒྲུབ་བཅས་བྱེད་དགོས། ཏང་ཡོན་ལ་ལ་ཏང་ཡོན་འདྲ་པོ་མེད་པ་དང་། རྩ་འཛུགས་ནང་མེད་པ། ནུས་པ་འདོན་མི་ཐུབ་པ་བཅས་ཀྱི་གནད་དོན་དང་། ཆབ་སྲིད་སྒྲིག་ལམ་ལྷུག་པ་དང་། ཆབ་སྲིད་འཚོ་བ་རྣམ་གཡེང་། རང་མོས་རིང་ལུགས་ཚབས་ཆེ་བ་བཅས་ཀྱི་གནད་དོན་བཅས་ལ་དམིགས་ནས་ཏང་ནང་གི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཏང་ནང་གི་ཆབ་སྲིད་ཀྱི་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་དགོས། ཏང་ཡོན་ལས་བྱེད་པ་ལ་ལ་ད་ལྟའི་གནས་བབ་ལ་བློ་ཡིད་ཚིམས་ནས་སྡོད་པ་དང་། ཡར་བརྩོན་གྱི་སེམས་པ་མེད་པ། བྱ་བ་སྒྲུབ་སྐབས་ཧུར་སེམས་མེད་པ་བཅས་ཀྱི་གནད་དོན་དང་། ལས་དོན་སྒྲུབ་མི་ནུས་པ་དང་། ལས་དོན་སྒྲུབ་སེམས་མེད་པ། ལས་དོན་སྒྲུབ་པའི་བློ་ཁོག་མེད་པ་བཅས་ཀྱི་གནད་དོན་ལ་དམིགས་ནས་ལས་སྒྲུབ་དང་བྱ་གཞག་གསར་གཏོད་ཀྱི་སྙིང་སྟོབས་འཕེལ་བ་བྱེད་པ་དང་འབྲེལ་ཏང་ཡོན་ལས་བྱེད་པའི་འོས་འགན་གྱི་འདུ་ཤེས་དང་འགན་ཁུར་ནུས་པའི་སྙིང་སྟོབས་འཕེལ་རྒྱུར་ཁྲིད་སྟོན་བྱེད་དགོས། རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུར་གཙིགས་ཆེན་བྱས་ཏེ་ནད་ཐོག་སྨན་འཁེལ་དང་འབེན་ཡོད་སར་མདའ་འཕངས་ནས་གནད་དོན་གནད་ལ་འཁེལ་བ་དང་ཞིབ་ཕྲའི་སྒོ་ནས་འཚོལ་ཐུབ་པ་དང་། ཧེ་བག་ཇི་ཙམ་ཡོད་མིན་ཤེས་རྟོགས། རྒྱུ་རྐྱེན་གང་ལ་ཐུག་པ་བཅས་གསལ་པོ་རྟོགས་ཚེ། གནད་དོན་ཐག་གཅོད་བྱེད་པའི་ནང་ཚད་ལོན་ཏང་ཡོན་གྱི་ཚད་གཞི་འཛུགས་ཐུབ་པ་དང་ཚད་ལོན་ཏང་ཡོན་གྱི་གཟུགས་བརྙན་འཛུགས་ཐུབ།
         གནད་དོན་གྱི་སྟོན་ཕྱོགས་མངོན་པ་བྱས་ཏེ། གནད་དོན་ལ་དོ་ཁུར་བྱེད་དགོས་ལ་རྩ་བའང་སྔོག་ཐུབ་པ་བྱེད་པ་དང་། ཞིབ་འཇུག་བརྡར་ཤ་གཅོད་དགོས་ལ་ངོ་བོ་དེ་བས་སྟངས་འཛིན་ཐུབ་པ་བྱེད་དགོས། ཏང་ཡོན་ལ་ལྷག་པའི་གནད་དོན་ཐད་རང་ངོས་ཀྱི་རྒྱུ་རྐྱེན་ཡོད་ལ། ཏང་རྩ་འཛུགས་ཀྱི་སློབ་གསོ་དོ་དམ་ནན་པོ་མ་བྱུང་བ་དང་ཡང་འབྲེལ་བ་དམ་ཟབ་ཡོད། ཏང་ཡོན་གྱི་རྩ་འཛུགས་འབྲེལ་བའི་དོ་དམ་ཚད་ལྡན་མེད་པ་དང་ཏང་དངུལ་བསྡུ་རྒྱུ་དང་མི་མཐུན་པའི་གནད་དོན་དང་། གཞི་རིམ་ཏང་རྩ་འཛུགས་ལ་ལས་དུས་བཀག་ལྟར་སྐབས་མི་བརྗེ་བ་དང་། འགོ་ཁྲིད་ལས་ཁུངས་ལ་ལས་གཤམ་འོག་དམ་འཛིན་བྱ་རྒྱུ་དེ་རང་ཉིད་དམ་འཛིན་གྱི་ཚབ་ཏུ་བྱེད་པའི་ཞན་ཆའི་གནད་དོན། རྩ་འཛུགས་ཀྱི་འཚོ་བ་རྒྱུན་གཏན་མེད་པ་དང་། ངོ་བོའི་རང་བཞིན་གྱི་ནང་དོན་མེད་པ། ཕན་འབྲས་ཀྱི་ནུས་པ་དེ་ཙམ་མི་ཐོན་པ་བཅས་ཀྱི་གནད་དོན་སོགས་ཡོད། དེ་དག་ཚང་མ་ནི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཞན་ཆ་ཡིན་པས། རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ནད་ཐོག་སྨན་འཁེལ་ཐུབ་པ་བྱེད་པ་དང་འབྲེལ་དོན་རེ་རེ་བྱས་ནས་བཅོས་སྒྲིག་དང་དོན་འཁྱོལ་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
         གནད་དོན་གང་ཡོད་ན། དེ་ཐག་གཅོད་བྱེད་པ་དང་གནད་དོན་གང་མངོན་གསལ་དོད་ན། དེ་གཙོ་གནད་ཐོག་ཐག་གཅོད་བྱས་ཚེ། ང་ཚོ་གཞི་ནས་རང་ཉིད་སྤྱོད་གཙང་དང་། རང་ཉིད་འཐུས་ཚང་། རང་ཉིད་གསར་བརྗེས། རང་ཉིད་མཐོར་གཏོང་བཅས་ཡོང་ཐུབ་པ་མ་ཟད། སློབ་སྦྱོང་སློབ་གསོར་ཏན་ཏན་ཏིག་ཏིག་གི་ཕན་འབྲས་ཐོན་ཐུབ།