མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་ཆེ་མོའི་གོ་གནས་སྤྲོད་པའི་མཛད་སྒོ་
པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་31ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་ཆེ་མོའི་གོ་གནས་སྤྲོད་པའི་མཛད་སྒོ་
པེ་ཅིང་དུ་འཚོགས་པ།

           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་29ཉིན། ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་ཆེ་མོའི་གོ་གནས་སྤྲོད་པའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གོ་གནས་སྤར་བའི་དམག་དཔོན་ལ་དམག་བཀའ་ཁུར་ལེན་ཞུ་ཡིག་གནང་བ་རེད།
         ཕྱི་དྲོའི་ཆུ་ཚོད་4པ་ཙམ་ལ། གོ་གནས་སྤྲོད་པའི་མཛད་སྒོ་དེ་སྒམ་བརླིང་གི་རྒྱལ་གླུའི་ཁྲོད་དུ་འགོ་ཚུགས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཧྥན་ཁྲང་ལུང་གིས་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མཆན་འགོད་གནང་བའི་ཧྲང་ཅང་དམག་དཔོན་ཆེ་མོར་བསྐོ་བའི་བཀའ་རྒྱ་སྒྲོགས་སྦྱང་གནང་བ་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལིའང་གིས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
         ད་རེས་ནུབ་རྒྱུད་དམག་འཐབ་བཀོད་འདོམས་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཀྲུའུ་ཕུའུ་ཤིས་དང་། དམག་ཨུད་མཉམ་འབྲེལ་ཚན་མོའུ་པུའི་ཚན་མོའུ་ཀྲང་གཞོན་པ་ཡི་ཞའོ་ཀོང་གཉིས་ལ་ཧྲང་ཅང་དམག་དཔོན་ཆེ་མོའི་གོ་གནས་སྤྲད་པ་རེད།
         ཀྲུའུ་ཕུའུ་ཤིས་དང་། ཡི་ཞའོ་ཀོང་གཉིས་ཀྱིས་ཉམས་དོད་ལ་གྲལ་འགྲིག་པའི་དམག་ཆས་གྱོན་ནས་སྙིང་སྟོབས་ཆེར་བསྐྱེད་ངང་ཀྲུའུ་ཞི་སྟེགས་བུའི་མདུན་དུ་ཡོང་བ་དང་། ཞིས་ཅིན་ཕིང་གིས་དམག་བཀའ་ཁུར་ལེན་ཞུ་ཡིག་གནང་སྟེ་ཁོང་རྣམ་གཉིས་ལ་བྱམས་བརྩེའི་ངང་ཕྱག་བཏང་ནས་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད། ཧྲང་ཅང་དམག་དཔོན་ཆེ་མོའི་དཔུང་རྟགས་སྤྲས་པའི་ཀྲུའུ་ཕུའུ་ཤིས་དང་ཡི་ཞའོ་ཀོང་གིས་ཞིས་ཅིན་ཕིང་གིས་གཙོས་པའི་མཛད་སྒོར་ཞུགས་མཁན་བློ་མཐུན་ཚང་མར་གུས་འདུད་ཞུས་ཤིང་། ཚོགས་ར་ཡོངས་ཐལ་མོའི་ལྡེབ་སྒྲས་ཁེངས།
          གོ་གནས་སྤྲོད་པའི་མཛད་སྒོ་དེ་སྐད་གསང་མཐོན་པོའི་དམག་གླུའི་ཁྲོད་མཇུག་འགྲིལ་རྗེས། ཞིས་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཀྲུའུ་ཕུའུ་ཤིས་དང་ཡི་ཞའོ་ཀོང་དང་མཉམ་དུ་པར་བསྐྱོན་པ་རེད།