མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་། སློབ་མ་མཉམ་འབྲེལ་ལྷན་ཚོགས་དང་
སློབ་མའི་ཚོགས་པ། ལོ་ཆུང་གདོང་ལེན་རུ་ཁག་སོགས་རྩ་འཛུགས་ཀྱི་སྒྱུར་བཅོས་
ཇུས་གཞི་ཉེ་ཆར་དངོས་སུ་པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཏང་ཀྲུང་དབྱང་གིས་ཆོག་མཆན་སྤྲད་པ་བརྒྱུད་《རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྱུར་བཅོས་ཇུས་གཞི་》དང་། 《སློབ་མ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་ཚོགས་པའི་རྩ་འཛུགས་སྒྱུར་བཅོས་ཇུས་གཞི》 《ལོ་ཆུང་གདོང་ལེན་རུ་ཁག་གི་སྒྱུར་བཅོས་ཇུས་གཞི་》བཅས་དངོས་སུ་པར་འགྲེམས་བྱས་ཏེ་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་། སློབ་མ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་ཚོགས་པ། ལོ་ཆུང་གདོང་ལེན་རུ་ཁག་སོགས་རྩ་འཛུགས་སྒྱུར་བཅོས་ཀྱི་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། དམིགས་ཚད་གཙོ་བོ། བྱེད་ཐབས་གལ་ཆེན་བཅས་གསལ་བཟོ་བྱས་པ་རེད།
         《རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྱུར་བཅོས་ཇུས་གཞིའི་》ནང་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་བྱེད་པའི་ཀྲུང་གོའི་གཞོན་ནུ་ལས་འགུལ་གྱི་དུས་རབས་ཀྱི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་ཏེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། གུང་གཞོན་སྡེ་ཚོགས་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། གཅིག་གྱུར་རང་བཞིན་དང་སྣ་མང་རང་བཞིན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུ་མཐའ་འཁྱོངས། རང་ངོས་སྒྱུར་བཅོས་ལ་ཟམ་མི་ཆད་པར་སྐུལ་འདེད། རང་ངོས་འགན་ནུས་ལག་ལེན་ཡག་པོ་བསྟར་བ་བཅས་བྱེད་དགོས་པ་བཏོན་ཡོད། ཨུ་ཡོན་གྱི་ཚད་གཞི་མཐོ་རུ་གཏོང་བ་དང་། ཨུ་ཡོན་གྱི་གྲུབ་ཆ་ལེགས་སུ་གཏོང་བ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཚོགས་པའི་ཁོངས་མི་དང་ཨུ་ཡོན་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་ལེགས་སྐྱེས་འབུལ་ཚད་མཐོ་རུ་གཏོང་བ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། ལས་ཀ་བྱ་ཐབས་གསར་གཏོད་བྱེད་པ་སོགས་ཐད་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་ཞིབ་ཕྲ་བཏོན་ཡོད།
         《སློབ་མ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་ཚོགས་པའི་རྩ་འཛུགས་སྒྱུར་བཅོས་ཇུས་གཞི་》ནི་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་། སློབ་གསོ་པུའུ། རྒྱལ་ཡོངས་སློབ་མ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་པར་འགྲེམས་བྱས་པ་ཞིག་རེད། ཇུས་གཞིའི་ནང་ཏང་གི་འགོ་ཁྲིད་དང་གུང་གཞོན་སྡེ་ཚོགས་ཀྱི་མཛུབ་ཁྲིད་འོག་ཀུན་སྤྱོད་ལ་བརྟེན་ནས་མིང་སྐྱོང་རྒྱུ་མཐའ་འཁྱོངས་དང་། ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་རྒྱུན་འཛིན་དང་ཤུགས་ཆེར་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་དང་། སློབ་མའི་བྱེད་པོའི་གནས་བབ་རྒྱུན་འཁྱོངས། བཅའ་ཁྲིམས་དང་སྒྲིག་ཡིག་ལྟར་ལས་དོན་སྤེལ་རྒྱུ་རྒྱུན་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། འགན་ནུས་སྔར་བས་ཁ་གསལ་དང་། མཚོན་བྱེད་རང་བཞིན་སྔར་བས་རྒྱ་ཁྱབ། དཔུང་ཁག་གི་སྤྱོད་ཚུལ་སྔར་བས་དམ་ནན། ལས་ཕྱོད་སྔར་བས་མངོན་གསལ་དོད་པ་བཅས་ཀྱི་སློབ་མ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་ཚོགས་པའི་རྩ་འཛུགས་འཛུགས་སྐྱོང་བྱེད་དགོས། ཇུས་གཞིའི་ནང་སློབ་མ་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་སྒྱུར་བཅོས་བྱེད་པ་དང་། སློབ་གྲྭའི་སློབ་མའི་ཚོགས་པའི་རྩ་འཛུགས་སྒྱུར་བཅོས་བྱེད་པ། ལས་ཀའི་རྒྱབ་སྐྱོར་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཐད་ནས་སྒྱུར་བཅོས་བྱེད་ཐབས་ཞིབ་ཕྲ་བཏོན་ཡོད།
         《ལོ་ཆུང་གདོང་ལེན་རུ་ཁག་གི་སྒྱུར་བཅོས་ཇུས་གཞི་》ནི་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་། སློབ་གསོ་པུའུ། རྒྱལ་ཡོངས་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ལྷན་བཅས་ཀྱིས་པར་འགྲེམས་བྱས་པ་ཞིག་རེད། ཇུས་གཞིའི་ནང་ལོ་ཆུང་གདོང་ལེན་རུ་ཁག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཐབ་ཇུས་གྲ་སྒྲིག་རུ་ཁག་གི་གཞི་རྩའི་ངེས་གནས་དང་གཞོན་ནུ་ལོ་ཆུང་དང་བྱིས་པ་ཕྱོཌ་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལས་ཀའི་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། རུ་ཁག་གི་འོས་འགན་བརྟན་པོ་ངེས་པ། རུ་མི་འཚར་ལོངས་ཐུབ་རྒྱུར་ཞབས་འདེཌ་ཞུ་བ། གཞི་རིམ་རྨང་གཞི་བརྟན་པོ་འདིང་བ། རྒྱུན་འཛིན་གསར་གཏོད་ཧུར་ཐག་བྱེད་པ་བཅས་བྱས་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་སྒྱུར་བཅོས་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཏོན་ཡོད།