མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གྲོང་གསེབ་ཀྱི་ཡུལ་སྐོར་གྱིས་མི་འབོར་དབུལ་པོ་ཁྲི་747
དབུལ་སྒྲོལ་སྣེ་ཁྲིད་ཐུབ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་30ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

              མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་གསར་བརྗེའི་ཁུལ་རྙིང་པའི་རྫོང་1599ཁྲོད་རྫོང་དབུལ་པོ་357ཡོད་པ་དང་། རྒྱལ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་ཁྲི་12.8ཁྲོད་གསར་བརྗེའི་ཁུལ་རྙིང་པའི་གྲོང་ཚོ་དབུལ་པོ་ཁྲི་3.5ཡོད་པ་རེད། དེ་དང་དུས་མཚུངས། རྒྱལ་ཡོངས་ཀྱི་གསར་བརྗེའི་ཁུལ་རྙིང་པའི་རྫོང་1084ལ་A5དང་A4རིམ་པའི་མཛེས་ལྗོངས་ཁུལ་དང་གསར་བརྗེའི་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་ཡོད་པ་དང་གསར་བརྗེའི་ཁུལ་རྙིང་པར་ཡུལ་སྐོར་དབུལ་སྐྱོར་བྱེད་པའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་ཅེས་ཀྲུང་གོ་ཁུལ་རྙིང་པ་འཛུགས་སྐྲུན་སྐུལ་འདེད་ཚོགས་པའི་ཚོགས་གཙོ་ཝང་ཅན་གྱིས་རྒྱལ་ཡོངས་གསར་བརྗེའི་ཁུལ་རྙིང་པའི་ཡུལ་སྐོར་དབུལ་སྐྱོར་འདུ་འགོད་འགོ་ཚུགས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པ་རེད།
             ངོ་སྤྲོད་བྱས་པར་གཞིགས་ན། ཁུལ་རྙིང་པའི་ཡུལ་སྐོར་དབུལ་སྐྱོར་འདུ་འགོད་ལག་ལེན་གང་མགྱོགས་བསྟར་ཕྱིར། ཀྲུང་གོ་ཁུལ་རྙིང་པ་འཛུགས་སྐྲུན་སྐུལ་འདེད་ཚོགས་པ་དང་ཀྲུང་གོ་དབུལ་སྐྱོར་གསར་སྤེལ་ཞབས་ཞུ་ཚད་ཡོད་ཀུང་སིས་ཡུལ་སྐོར་དབུལ་སྐྱོར་དེ་གཙོ་གནད་ལས་ཀའི་ནང་དུ་བཅུག་ཡོད། ཀྲུང་གོ་དབུལ་སྐྱོར་གསར་སྤེལ་ཞབས་ཞུ་ཀུང་སིས་གསར་བརྗེའི་ཁུལ་རྙིང་པ་སི་ཁྲོན་ཞིང་ཆེན་པཱ་ཀྲུང་གྲོང་ཁྱེར་ནན་ཅང་རྫོང་དུ“ཡན་ཤིས་ཐང”དབུལ་སྐྱོར་སྡོད་ཁང་རྣམ་གྲངས་རྩེ་གྲ་ཚོད་ལྟ་གསར་སྤེལ་བྱས་པ་དང་། “ཆན་སུའུ་ཀུང་སིའི་ལོ་གསུམ་ཁྲི་བརྒྱའི་འཆར་གཞི”ལག་ལེན་བསྟར་འགོ་ཚུགས་ཤིང་། དམིགས་ཡུལ་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་རྒྱག་པའི་མཐའ་མའི་ལོ་གསུམ་ལྷག་གི་དུས་ཡུན་ནང་ཁེ་ལས་100དང་མཉམ་དུ་ཐད་ཀར་མ་འཇོག་གཉེར་སྐྱོང་དང་མུ་འབྲེལ་མཉམ་ཞུགས་སོགས་བྱ་ཐབས་བརྒྱུད་ཁུལ་རྙིང་པའི་ཡུལ་སྐོར་ཐོན་ཁུངས་སྤུས་ལེགས་ལ་བརྟེན་ནས་དམངས་ཀྱི་སྡོད་ཁང་རྩེ་གྲ་1000བསྐྲུན་ཏེ་མི་འབོར་དབུལ་པོ་ཁྲི་100ལ་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་བྱ་རྒྱུ་དེ་ཡིན་པ་རེད།
            རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཀྲེ་ཧྥ་ཡིས་ངོ་སྤྲོད་བྱས་དོན། རྒྱལ་ཡོངས་གསར་བརྗེའི་ཡུལ་སྐོར་ཁུལ་དུ་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་50ལས་བརྒལ་བ་དང་། ལོ་རེར་ཆ་སྙོམས་འཕར་ཚད་16%ལས་བརྒལ་བས། ཁུལ་རྙིང་པའི་ཡུལ་སྐོར་དབུལ་སྐྱོར་ཐད་ལས་དོན་མང་པོ་བསྒྲུབ་རྒྱུ་ཡོད་པ་རེད། ན་ནིང་ཁྱབ་བསྒྲགས་བྱས་པའི་《གྲོང་གསེབ་ཀྱི་ཡུལ་སྐོར་དབུལ་སྐྱོར་འདུ་འགོད་ཀྱི་བྱ་སྤྱོད་ཇུས་གཞིའི་》ནང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་ཁྲི་2.26གི་མི་འབོར་དབུལ་པོ་ཁྲི་747དབུལ་སྒྲོལ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་ལུགས་འཁོད་ཡོད།