མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱིས་བཟོས་པའི་ཐད་འཕུར་གནམ་གྲུ་ཆེ་གྲས་དང་པོ་AC313རྟགས་ཅན་དྲག་
ཆར་ཁྲོད་འཕུར་སྐྱོད་ཚོད་ལྟ་ལམ་ལྷོངས་བྱུང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་30ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཉེ་ཆར་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་དམངས་སྤྱོད་ཐད་འཕུར་གནམ་གྲུ་ཆེ་གྲས་དང་པོ་AC313རྟགས་ཅན་ཅིང་ཏེ་ཀྲེན་གྲོང་ཁྱེར་ལུའེ་མོང་གནམ་ཐང་དུ་དྲག་ཆར་ཁྲོད་འཕུར་སྐྱོད་ཚོད་ལྟ་བྱས་པ་ལམ་ལྷོངས་བྱུང་བ་ལས། AC313རྟགས་ཅན་གྱི་ཐད་འཕུར་གནམ་གྲུར་བཟོ་དབྱིབས་ཚད་ལོན་ལག་ཁྱེར་(TC)རག་ནས་མཁའ་སྐྱོད་ཚོད་ལྟའི་ལས་ཀ་ཚང་མ་ལེགས་གྲུབ་ཟིན་པ་མཚོན་གྱི་ཡོད།
            AC313རྟགས་ཅན་གྱི་ཐད་འཕུར་གནམ་གྲུ་ནི་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པས་ཞིབ་བཟོ་ཐོན་སྐྱེད་བྱས་པའི་རང་རྒྱལ་གྱི་དམངས་སྤྱོད་ཐད་འཕུར་གནམ་གྲུ་ཆེ་གྲས་ཤིག་ཡིན་པ་དང་། དེ་ནི་རྦད་དེ་མཁའ་སྐྱོད་ལ་འཚམས་པའི་སྲོལ་ཡིག་གཞིར་བཟུང་ཞིབ་བཟོ་བྱས་པ་ཞིག་ཡིན་པས། གནམ་གྲུའི་ནུས་པ་རྒྱལ་སྤྱིའི་ཐད་འཕུར་གནམ་གྲུ་ཐོན་གསུམ་པའི་ཆུ་ཚད་ལ་སླེབས་ཡོད། དེས་རང་རྒྱལ་གྱིས་དམངས་སྤྱོད་ཐད་འཕུར་གནམ་གྲུ་ཆེ་གྲས་ཞིབ་བཟོ་བྱེད་མྱོང་མེད་པའི་སྟོང་ཆ་བསྐངས་ནས་ཡོ་རོབ་དང་། ཨ་རི། ཨུ་རུ་སུ་བཅས་དང་འདྲ་བར་ཀྲུང་གོར་ཐད་འཕུར་གནམ་གྲུ་ཆེ་གྲས་རང་བརྟེན་ཞིབ་བཟོ་བྱེད་པའི་ནུས་པ་ལྡན་པར་གྱུར་སྟབས། ཀྲུང་གོའི་ཐད་འཕུར་གནམ་གྲུའི་འཕེལ་རྒྱས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།