མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་དང་ཕ་ནཱ་མ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བ་བཙུགས་པས་ངོགས་གཉིས་ཀྱི"ཕྱི་
འབྲེལ་དམག་མཚམས་བཞག་པ"དེ་མཇུག་སྒྲིལ་བ་ཡིན་ནམ་ཞེས་པར་
ཕྱི་འབྲེལ་པུའུ་ཡིས་ལན་བཏབ་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་15ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་གོ་དང་ཕ་ནཱ་མ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བ་བཙུགས་པས་ངོགས་གཉིས་ཀྱི'ཕྱི་
འབྲེལ་དམག་མཚམས་བཞག་པ'དེ་མཇུག་སྒྲིལ་བ་ཡིན་ནམ་ཞེས་པར་
ཕྱི་འབྲེལ་པུའུ་ཡིས་ལན་བཏབ་པ།

           མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་ཕ་ནཱ་མ་རྒྱལ་ཁབ་གཉིས་ཀྱིས་ཟླ་6ཚེས་13ཉིན་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པ་ཡིན་ཞེས་བསྒྲགས་པ་རེད། ཀྲུང་གོ་དང་ཕ་ནཱ་མའི་ཕྱི་འབྲེལ་བཙུགས་པ་ལས་ངོགས་གཉིས་ཀྱི་"ཕྱི་འབྲེལ་དམག་མཚམས་བཞག་པ་"དེ་མཇུག་སྒྲིལ་བ་ཡིན་ནམ། སྐམ་ས་ཆེན་པོས་མུ་མཐུད་ཐའེ་ཝན་དང"ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ"མང་པོ་ཞིག་ལ་འབྲེལ་བ་འཛུགས་རྒྱུ་ཡིན་མིན་གྱི་དྲི་བའི་སྐོར་ལ། ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པ་ལུའུ་ཁང་གིས་ཚེས་14ཉིན་གྱི་འཆར་ཅན་གསར་འགོད་པའི་ཚོགས་འདུའི་ཐོག་ལན་བཏབ་པ་རེད།
          གསར་འགོད་པ་ཞིག་གིས་ཀྲུང་གོ་དང་ཕ་ནཱ་མའི་ཕྱི་འབྲེལ་བཙུགས་པ་ལས་ངོགས་གཉིས་ཀྱི"ཕྱི་འབྲེལ་དམག་མཚམས་བཞག་པ"དེ་མཇུག་སྒྲིལ་བ་མཚོན་ནམ། སྐམ་ས་ཆེན་མོས་མུ་མཐུད་ཐའེ་ཝན་དང"ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ"མང་པོ་ཞིག་ལ་འབྲེལ་བ་འཛུགས་རྒྱུ་དང་། འབྲེལ་བ་སླར་གསོ་བྱེད་རྒྱུ་ཡིན་ནམ། སྐམ་ས་ཆེན་པོས་ཐའེ་ཝན་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཇི་འདྲ་གཏོང་རྩིས་ཡོད་དམ་ཞེས་དྲི་བ་བཏོན་ཡོད་པ་རེད།
          ལུའུ་ཁང་གིས་ཀྲུང་གོ་གཅིག་གི་རྩ་དོན་ནི་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་ཀྲུང་གོའི་མི་དམངས་དུང་ཕྱུར་13གྱི་བརྩེ་དུང་དང་འབྲེལ་ཡོད་ལ། དེ་ནི་ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་འབྲེལ་འདྲིས་དང་མཛའ་བརྩེ་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་དང་ཆབ་སྲིད་ཀྱི་རྨང་གཞི་ཡིན། ཀྲུང་གོ་སྲིད་གཞུང་གིས་སྔར་ནས་བཟུང་ཞི་བདེ་མཉམ་གནས་ཀྱི་དོན་ཚན་ལྔའི་རྩ་དོན་དང་ཀྲུང་གོ་གཅིག་གི་རྩ་དོན་ཐོག་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་མཛའ་བརྩེ་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
          ཁོང་གིས་འཛམ་གླིང་ལ་མིག་རྒྱང་བལྟས་ན། ཀྲུང་གོའི་གྲོགས་པོ་ཇེ་མང་དུ་འགྲོ་བཞིན་འདུག "དགུ་གཉིས་ཐུན་མོང་ལྟ་བ"ཁས་ལེན་མ་བྱས་ན་བགྲོད་ལམ་མེད་པ་རེད། "དགུ་གཉིས་ཐུན་མོང་ལྟ་བ"ཡི་བགྲོད་ལམ་ཡང་དག་ཏུ་ཞུགས་པ་དང་ངོགས་གཉིས་ཀྲུང་གོ་གཅིག་ཏུ་གཏོགས་པ་ཁས་བླངས་ན། ད་གཟོད་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་ལ་ཆ་རྐྱེན་དང་རྨང་གཞི་འདུག ངོགས་གཉིས་ཀྱི་མི་དམངས་ཀྱིས་མཉམ་དུ་འཕེལ་རྒྱས་ལ་འབད་པ་དང་། མཉམ་དུ་གོ་སྐབས་དམ་འཛིན་བྱེད་པ། མཉམ་དུ་གཟི་བརྗིད་གསར་གཏོང་བྱེད་པའི་ཐུན་མོང་གི་སེམས་འདུན་ད་གཟོད་མངོན་འགྱུར་ཡོང་ཐུབ་ཅེས་བསྟན་པ་རེད།

༄༅།།ཀྲུང་གོ་དང་ཕ་ནཱ་མ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བ་བཙུགས་པས་ངོགས་གཉིས་ཀྱི'ཕྱི་
འབྲེལ་དམག་མཚམས་བཞག་པ'དེ་མཇུག་སྒྲིལ་བ་ཡིན་ནམ་ཞེས་པར་
ཕྱི་འབྲེལ་པུའུ་ཡིས་ལན་བཏབ་པ།