མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་91.5%ཟིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་17ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་15ཉིན་པེ་ཅིང་དུ་ཁྱབ་བསྒྲགས་བྱས་པའི་《2017ལོའི་ཀྲུང་གོའི་མཐོ་རིམ་ལས་རིགས་སློབ་གསོའི་སྤུས་ཚད་ཀྱི་ལོ་འཁོར་སྙན་ཞུ་》ལས་མངོན་པར། རང་རྒྱལ་གྱི་མཐོ་རིམ་ལས་རིགས་སློབ་གླིང་གི་2016ལོའི་སློབ་ཐོན་སློབ་མ་ལོ་ཕྱེད་ཀྱི་རྗེས་སུ་ལས་ཞུགས་ཐུབ་ཚད་91.5%ཟིན་ནས་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་3599ཟིན་པ་དང་། ཀྲུང་གོའི་ཁྱད་ལྡན་གྱི་མཐོ་རིམ་ལས་རིགས་སློབ་གསོ་སྤེལ་སྟངས་ལ་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་ཉིན་བཞིན་ཆེ་རུ་ཕྱིན་ཏེ་2016ལོར་རྒྱལ་ཡོངས་སུ་མཐོ་རིམ་ལས་རིགས་སློབ་གླིང་100ཡིས་ཕྱི་རྒྱལ་(ས་ཁོངས་ཕྱི)གྱིས་ཁས་ལེན་པའི་ལས་རིགས་སམ་ཡང་ན་ཆེད་ལས་སློབ་ཁྲིད་ཀྱི་ཚད་གཞི་283གསར་གཏོད་བྱས་པས་མཐོ་རིམ་ལས་རིགས་སློབ་གླིང་གིས་ཕྱི་སྦྱོང་སློབ་མ་བསྡུ་ཚད་ཁྱོན་བསྡོམས་མི་7000ལས་བརྒལ་ཡོད་པ་རེད།
         མཐོ་རིམ་ལས་རིགས་སློབ་གསོས་དབུལ་པོ་བུ་རབས་ཚ་རྒྱུད་བཀག་འགོག་བྱེད་རིང་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ཡོད། སྙན་ཞུ་ལས་མངོན་པར། ཉེ་བའི་ལོ་5ཡི་རིང་མཐོ་རིམ་ལས་རིགས་སློབ་གླིང་གི་སློབ་ཐོན་སློབ་མའི་ཁྱིམ་ཚང་གི་རྒྱབ་ལྗོངས“ཞིང་པ་དང་ཞིང་པ་ལས་མི་ཡིན་པའི”སློབ་མས་བཟུང་བའི་བསྡུར་གྲངས་50%ཡན་རྒྱུན་འཁྱོངས་ཐུབ་སྟེ་རྒྱ་ཆེའི་གྲོང་གསེབ་སློབ་མར་མཐོ་རིམ་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་མཁོ་འདོན་བྱས་ཡོད་པ་རེད།
         སྙན་ཞུའི་ནང་རྒྱལ་སྤྱིར་ཤུགས་རྐྱེན་ལྡན་པའི་མཐོ་རིམ་ལས་རིགས་སློབ་གླིང་ཨང་རིམ་མདུན་གྲལ་50ཐེངས་དང་པོ་ཁྱབ་བསྒྲགས་བྱས་ཤིང་། དབྱང་ཀྲོའུ་བཟོ་ལས་དང་ལས་རིགས་ལག་རྩལ་སློབ་གླིང་དང་། ཅིན་ཧྭ་ལས་རིགས་ལག་རྩལ་སློབ་གླིང་། ཉིང་པོ་ལས་རིགས་ལག་རྩལ་སློབ་གླིང་སོགས་བདམས་ཡོད། སྙན་ཞུའི་ནང་ཞབས་ཞུ་དང་ལེགས་སྐྱེས་འབུལ་ཚད་མཐོ་བའི་མཐོ་རིམ་ལས་རིགས་སློབ་གླིང་གི་ཨང་རིམ་མདུན་གྲལ་50སླར་ཡང་ཁྱབ་བསྒྲགས་བྱས་པའི་ཁྲོད་ས་གནས་རིམ་པའི་གྲོང་ཁྱེར་སློབ་གླིང་འདེམས་གྲངས་མངོན་གསལ་དོད་པོས་མང་དུ་ཕྱིན་ཏེ་མཐོ་རིམ་ལས་རིགས་སློབ་གསོས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལ་ཞབས་འདེགས་ཞུ་རྒྱུ་དེ་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་ཞིག་ཏུ་གྱུར་ཡོད།
         《2017ལོའི་ཀྲུང་གོའི་མཐོ་རིམ་ལས་རིགས་སློབ་གསོའི་སྤུས་ཚད་ཀྱི་ལོ་འཁོར་སྙན་ཞུ་》དེ་ནི་རྒྱལ་ཡོངས་ཀྱི་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ཚན་གྱི་ཞའོ་ཀྲང་མཉམ་ཞུགས་ཚོགས་འདུས་ཧྲང་ཧའེ་གྲོང་ཁྱེར་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་དང་མའེ་ཁོ་སི་ཞིབ་འཇུག་ཁང་གིས་ཐུན་མོང་ཐོག་བཟོ་རྒྱུ་དང་མཐོ་རིམ་སློབ་གསོའི་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱ་རྒྱུར་མངགས་བཅོལ་བྱས་པ་ཞིག་རེད།