མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཆི་པའོ་ཡིས་སའེ་ཧན་པཱ་ཡི་སྙིང་སྟོབས་དར་སྤེལ་བཏང་ནས་སྣོད་བཅུད་ཤེས་དཔལ་འཛུགས་
སྐྱོང་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་18ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་15དང་ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ལིའུ་ཆི་པའོ་ཡིས་ཧོ་པེའི་སའེ་ཧན་པཱ་འཕྲུལ་ཆས་ནགས་རར་བརྟག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སའེ་ཧན་པཱ་ནགས་རའི་ཤིང་འཛུགས་ནགས་བཟོའི་ཐད་ཀྱི་གྲུབ་འབྲས་ཆེན་པོ་དང་མི་སེམས་འགུལ་བའི་གཏམ་རྒྱུད་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། སའེ་ཧན་པཱ་ཡི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ་དང་རྒྱལ་ཡོངས་མི་དམངས་ལ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུའི་ཁྲིད་སྟོན་དང་ལྕག་སྐུལ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ལིའུ་ཆི་པའོ་ཡིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བའི་འཐབ་ཇུས་མཐོ་ཚད་ཐོག་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུའི་ཐད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དེ་དག་ང་ཚོས་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོར་འཛུགས་པ་དང་། “སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་འཛུགས་པ། “མི་རབས་སྔོན་མས་ཤིང་སྡོང་བཙུགས། མི་རབས་རྗེས་མས་བསིལ་གྲིབ་སྤྱོད”པའི་རྩ་ཆེའི་སྙིང་སྟོབས་དར་སྤེལ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ལྗང་མདོག་གི་ཕན་པ་དང་སྣོད་བཅུད་ཀྱི་ཕན་པ་སྔར་བས་མང་པོ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས་ཞེས་བསྟན་གནང་བ་རེད།
           ལིའུ་ཆི་པའོ་ཡིས། སའེ་ཧན་པཱ་ནགས་རའི་མི་རབས་འགའ་ཞིག་གིས་དཀའ་བ་ཚད་མེད་སྤྱད་ནས“བྱེ་ཐང་སྤང་གཤོངས་དང་ཐང་རྒོད་ནགས་གླིང་དུ་གྱུར་པའི”ལྗང་མདོག་གི་བྱས་རྗེས་ངོ་མཚར་ཅན་བཏོད་པ་དང་། དགའ་སྐྱོ་གཉིས་ལྡན་གྱི་བྱ་གཞག་གསར་གཏོད་ཀྱི་ལོ་རྒྱུས་ཤིག་བྲིས་པ། གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ལྗང་མདོག་རྒྱུ་ནོར་ཧ་ཅང་མང་པོ་བསགས་པ་མ་ཟད། ད་དུང“རྣམ་དག་ལས་སྒྲུབ་དང་། དཀའ་སྤྱད་འབད་འཐབ། ཚན་རིག་བདེན་འཚོལ། ལྗང་མདོག་འཕེལ་རྒྱས”བཅས་ཀྱི་སའེ་ཧན་པཱ་ཡི་སྙིང་སྟོབས་ཤིག་ཀྱང་བཏོད་ཡོད། སའེ་ཧན་པཱ་ནགས་ར་འདི་ཉིད་གཞི་ཚུགས་ཐུབ་པ་དང་། ཁྱབ་གདལ་གཏོང་ཐུབ་པ། སྐད་གྲགས་ཆོད་པ་བཅས་ཀྱི་རྒྱལ་ཡོངས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་མཚོན་གལ་ཆེན་ཞིག་ཏུ་བརྩིས་ཏེ་དྲིལ་བསྒྲགས་དང་སློབ་སྦྱོང་རྒྱ་ཁྱབ་ཏུ་བྱས་ནས་སའེ་ཧན་པཱ་ཡི་སྙིང་སྟོབས་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མི་སེམས་སུ་སྔར་བས་ཟབ་མོ་ཟུག་པ་བྱེད་དགོས། སའེ་ཧན་པཱ་ཡི་སྙིང་སྟོབས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ལྗང་མདོག་སྔོན་བྱོན་པས་དཀའ་ངལ་ཁྱད་བསད་ཀྱིས་བྱ་གཞག་གསར་དུ་བཏོད་པའི་ལོ་རྒྱུས་དང་ནགས་རའི་མི་རབས་གསར་པས་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པར་རྒྱུན་འཛིན་བྱས་ལུགས་གང་ལེགས་མངོན་པར་བྱེད་དགོས། དེའི་ནང་དུ་འདུས་པའི་དུས་རབས་ཀྱི་རིན་ཐང་བསྡུ་ལེན་དང་ཕྱོགས་སྡོམ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱ་ཕྱིར་ནུས་ཤུགས་གསར་པ་སྦྱིན་དགོས། སའེ་ཧན་པཱ་ནགས་རས་མཐོ་གྲང་ས་ཁུལ་དུ་ཚན་རིག་དང་མཐུན་པའི་སྒོ་ནས་ཤིང་འཛུགས་ནགས་བཟོ་བྱས་པ་དང་སྣོད་བཅུད་ཁོར་ཡུག་ལེགས་སུ་བཏང་བའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་ཆབས་ཅིག་རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཁྲོད་ཀྱི་དཔེ་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རྒྱལ་ཡོངས་སུ་སའེ་ཧན་པཱ་འདྲ་བ་སྔར་བས་མང་པོ་ཞིག་འབུར་དུ་ཐོན་པར་བྱས་ནས་གནམ་སྔོ་དང་། ཀླུང་ལྗང་། ཆུ་དྭངས་བཅས་ཀྱི་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།