མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་ཀྱི་འདེམས་བསྐོའི་སྡེ་ཚན་35ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་
བཅུ་གསུམ་པའི་འཐུས་མི་2980བདམས་ཐོན་བྱས་ཡོད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་24ཉིན། 15:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་འདེམས་བསྐོའི་སྡེ་ཚན་35ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་2980བདམས་ཐོན་བྱས་ཡོད་པ་རེད། འཐུས་མིའི་ཐོབ་ཐང་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད། འཐུས་མི་ཡོངས་ཀྱི་ཐོབ་ཐང་ཚང་མ་གོ་ཆོད་པའི་ངོས་འཛིན་བྱས་པས། ཟླ་2ཚེས་23ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་ལ་དངོས་སུ་ཁས་ལེན་གནང་བར་འབུལ་རྒྱུ་ཡིན་པ་དང་། འཐུས་མིའི་མཚན་ཐོ་ཚེས་24ཉིན་ཡོངས་བསྒྲགས་བྱེད་རྒྱུ་རེད།