མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དབྱང་ཅིང་ལ་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་ཡོད་པས་ཏང་ནང་བཞག་
ནས་ལྟ་ཞིབ་ལོ་གཅིག་བྱེད་པ་དང་སྲིད་འཛིན་ཐོག་གནས་དབྱུང་གཏོང་བའི་ཆད་པ་བཅད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་26ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གིས་ཆོག་མཆན་བཀོད་པ་བརྒྱུད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེ་མོ་གཅིག་ལྕོགས་དབྱང་ཅིང་(杨晶)ལ་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་ཡོད་པས་གྱོད་ཁོངས་སུ་བཅུག་སྟེ་ཞིབ་བཤེར་བྱས་པ་རེད།
          ཞིབ་བཤེར་བྱས་པ་བརྒྱུད། བློ་མཐུན་དབྱང་ཅིང་གིས་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ། སྤྱོད་གཙང་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ཏེ་ཡུན་རིང་ཁྲིམས་འགལ་ཁེ་ལས་བདག་པོ་དང་། ཁྲིམས་འགལ་སྤྱི་ཚོགས་མི་སྣ་དང་ཚུལ་མིན་འབྲེལ་བ་བྱས་ནས་ཕ་རོལ་པོའི་ཆེད་དུ་ལས་གནས་ཐོག་གི་དགེ་མཚན་སྤྱད་དེ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བ་དང་སྒེར་ཕན་འབོར་ཆེན་ཧམ་ལེན་བྱེད་པར་སྟབས་བདེ་མཁོ་འདོན་བྱས་ནས་ཁོ་རང་གི་གཉེན་ཉེས་ཕ་རོལ་པོའི་རྒྱུ་དངོས་བླངས་པ་རེད། ཞིབ་བཤེར་བྱེད་རིང་བློ་མཐུན་དབྱང་ཅིང་གིས་ནོར་འཁྲུལ་ངོས་ལེན་དང་འགྱོད་བཤགས་བྱས་ཡོད་པ་རེད།
          《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པའི་སྲོལ་ཡིག་》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་མ་ཟད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུར་གྲོས་ཞིབ་གནང་བར་ཕུལ་བ་བརྒྱུད། བློ་མཐུན་དབྱང་ཅིང་ལ་ཏང་ནང་བཞག་ནས་ལྟ་ཞིབ་ལོ་གཅིག་བྱེད་རྒྱུ་དང་། སྲིད་འཛིན་ཐོག་གནས་དབྱུང་གཏོང་རྒྱུའི་ཆད་པ་བཅད་དེ་པུའུ་རིམ་པ་རྒན་པར་རིམ་པ་འབེབས་ཤིང་། གོ་རིམ་ལྟར་བསྒྲུབ་རྒྱུའི་གཏན་འབེབས་བྱས་པ་རེད།