མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་ནས་ཀྲེ་ཅང་ཞིང་ཆེན་ཡུས་ཡའོ་ཧེང་ཁན་ཐོའུ་གྲོང་ཚོའི་
ཏང་ཡོན་ཡོངས་ལ་སྐུལ་ལྕག་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་03ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་ཡུས་ཡའོ་གྲོང་ཁྱེར་ལིའང་ནུང་གྲོང་རྡལ་ཧེང་ཁན་ཐོའུ་གྲོང་ཚོའི་ཏང་ཡོན་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོས་གསར་བརྗེའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་ཡག་པོ་བྱེད་པ་དང་། ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཡུལ་མི་ཚོ་དང་མཉམ་དུ་ཡང་འབད་བསྐྱར་འབད་དང་དཀའ་སྤྱད་དངོས་སྒྲུབ་ཀྱིས་འབྱོར་ཕྱུག་དང་། ཤེས་དཔལ། སྡོད་མལ་ལེགས་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།