མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་ཚན་པ་9ཡིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་
བར་རྟེན་འབྲེལ་ཞུ་བའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་
སློབ་གསོའི་བྱེད་སྒོ་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་27ཉིན། 11:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་། ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་། སློབ་གསོ་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་སྟེ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་བར་མཐུན་སྒྲིལ་འབད་འབུངས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས་པའི་གཏན་འབེབས་བྱས་པ་རེད།
           བརྡ་ཐོའི་ནང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ“སྒྱུར་བཅོས་སྒོ་དབྱེ་མཐར་ཕྱིན་པ་བྱེད་པའི”བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་སྒྱུར་བཅོས་སྒོ་དབྱེའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཏམ་རྒྱུད་ཡག་པོ་བཤད་ནས་སྒྱུར་བཅོས་སྒོ་དབྱེའི་ལོ་40རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་། རླབས་ཆེའི་གྲུབ་འབྲས། རྩ་ཆེའི་ཉམས་མྱོང་བཅས་གང་ལེགས་མངོན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་མངོན་གསལ་དོད་པོས་མངོན་པར་བྱེད་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱ་རྒྱུའི་སྐུལ་ལྕག་ཁྲིད་སྟོན་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ་དང་ནམ་ཡང་འབད་འཐབ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
           བརྡ་ཐོའི་ནང་། “སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་བ་དང་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ཡག་པོ་བསྐྱོད་དགོས”ཞེས་པའི་སློབ་སྦྱོང་ཉམས་ལེན་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་སློབ་སྦྱོང་ཉམས་ལེན་གྱི་ཐབས་ལམ་ཞིབ་ཚགས་ཇུས་འགོད་བྱས་ནས་འོས་སྦྱོར་དང་། “ཡ་རབས་གྲོང་ཁྱེར་གྱི་དུས་རབས་བྱ་སྤྱོད”ཅེས་པའི་བྱེད་སྒོ་སྤེལ་ནས་ལས་བྱེད་པ་དང་མང་ཚོགས་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་པ་དང་ཉེ་འགྲམ་གྱི་འགྱུར་ལྡོག་ལ་ལྟ་རུ་འཇུག་དགོས། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་སྙན་ཞུའི་ཚོགས་འདུ་འཚོགས་ཏེ་རིམ་ཁག་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་གདན་དྲངས་ནས་སྙན་ཞུ་བྱེད་དགོས། “སྒྱུར་བཅོས་མཐར་ཕྱིན་པ་བྱེད་པའི”མི་སེར་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ་ལས་བྱེད་པ་དང་མང་ཚོགས་ལ་མི་ངོ་མ་དང་། དོན་ངོ་མ། བརྩེ་བ་ཟོལ་མེད་བཅས་ཀྱི་སྒོ་ནས་སྒྱུར་བཅོས་སྒོ་དབྱེའི་རླབས་རྒྱུན་ཆེ་མོའི་ཁྲོད་འཚོ་བའི་འཕོ་འགྱུར་དང་འབད་འཐབ་ཀྱི་གཏམ་རྒྱུད་ཤོད་རྒྱུའི་སྐུལ་སློང་བྱེད་དགོས། “ང་དང་སྒྱུར་བཅོས་སྒོ་དབྱེ་མཉམ་དུ་འབད་འཐབ་བྱེད”ཅེས་པའི་རྩོམ་བསྡུའི་བྱེད་སྒོ་སྤེལ་ནས་ལས་བྱེད་པ་དང་མང་ཚོགས་ལ་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྩོམ་ཡིག་དང་པར་རིས་ཀྱི་བརྩམས་ཆོས་གསར་རྩོམ་བྱ་རྒྱུའི་སྐུལ་ལྕག་གཏོང་དགོས། “སྒྱུར་བཅོས་སྒོ་དབྱེའི་སྐོར་ང་ཡིས་གསལ་པོ་ཤེས”ཞེས་པའི་ཤེས་བྱའི་འགྲན་བསྡུར་གཉེར་ཏེ་སྤྲོ་སེམས་འཕེལ་ཤུགས་དང་ཁྱབ་རྒྱ་ཆེ་རུ་གཏོང་དགོས། རྒྱལ་ཡོངས་ཀྱི་ཐང་ཆེན་ཞབས་བྲོའི་འགྲེམས་འཁྲབ་བྱེད་སྒོ་སྤེལ་ཏེ་སྐྱོན་བྲལ་འཚོ་བའི་སྤྲོ་སྣང་དང་དགེ་མཚན་ལྡན་པའི་མི་ཚེའི་དོན་གཉེར་བརྒྱུད་བསྒྲགས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བརྗོད་དོན་གཙོ་བོའི་གློག་བརྙན་ཐུང་གྲས་འཚོལ་བསྡུ་འགྲེམས་སྟོན་གྱི་བྱེད་སྒོ་སྤེལ་ཏེ་གསོན་ཉམས་དོད་པོས་གཙོ་རྒྱུན་རིན་ཐང་གི་འདུ་ཤེས་བརྒྱུད་བསྒྲགས་བྱེད་དགོས། “སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”ཞེས་པའི་སློབ་གསོའི་བྱེད་སྒོ་དང“དུས་རབས་ཀྱི་འགན་འཁྲི་བློ་ལ་བརྟན་པོ་བཅངས་ནས་ལང་ཚོའི་འགྱུར་ཁུག་སྙན་པར་དཀྲོལ”ཞེས་པའི་སློབ་གྲྭའི་གླུ་དབྱངས་གསར་རྩོམ་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་དགོས། དྲ་ཐོག་ཏུ་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་དྲིལ་བསྒྲགས་དང་སྲིད་ཇུས་གསལ་འགྲེལ་ལ་ཤུགས་སྣོན་རྒྱག་དགོས། དྲིལ་བསྒྲགས་ཀྱི་འགེལ་རིས་བཟོས་ནས་གྲོང་ཁྱེར་དང་གྲོང་གསེབ་དང་གཞི་རིམ་དུ་སྤྲད་དེ་ཁྲོམ་གཞུང་གི་དྲང་ནུས་གཏོད་དགོས་ཞེས་བཏོན་ཡོད་པ་རེད།