མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཧིན་རྡི་ཉི་ཞི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ཙུའོ་ཁོ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་27ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཧིན་རྡི་ཉི་ཞི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ཙུའོ་ཁོ་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ཙུའོ་ཁོ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཉམ་དུ་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཐོབ་པའི་ལེགས་འགྲུབ་བྱུང་བའི་ཉམས་མྱོང་ཕྱོགས་བསྡོམས་གནང་བ་དང་། འབྱུང་འགྱུར་རྒྱལ་ཁབ་གཉིས་བར་མཉམ་ལས་བྱེད་རྒྱུའི་སྐོར་འཆར་འགོད་དང་བཀོད་སྒྲིག་གནང་ནས་འདས་པའི་ལོ་ངོ་65རིང་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་བཏང་བའི་རྨང་གཞིའི་ཐོག་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱས་ཏེ་དུས་སྐབས་གསར་པར་ཐུན་མོང་དུ་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་གཉིས་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་བཏང་སྟེ་ས་ཁུལ་དང་འཛམ་གླིང་ཞི་བདེ་དང་གྲ་རྒྱས་ཕུན་སུམ་ཚོགས་པ་ཡོང་བར་ལེགས་སྐྱེས་འབུལ་རྒྱུར་ཡིད་མཐུན་མགྲིན་གཅིག་ཏུ་བྱུང་བ་རེད།

༄༅།།ཞིས་ཅིན་ཕིང་གིས་ཧིན་རྡི་ཉི་ཞི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ཙུའོ་ཁོ་དང་གྲོས་མོལ་གནང་བ།