མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།2014ལོར་འཛད་སྤྱོད་ཀྱིས་GDPའཕར་རྒྱུར་ལེགས་སྐྱེས་འབུལ་ཚད་བཅུ་ཆ་ལྔ་ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་05ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཚེས་3ཉིན་གྲངས་གཞི་ཡོངས་བསྒྲགས་བྱས་པར་གཞིགས་ན། 2014ལོར་མཐར་གཏུགས་ཀྱི་འཛད་སྤྱོད་གཏོང་སྒོ་དང་། མ་རྩའི་རྣམ་པའི་སྤྱི་འབོར། དངོས་ཟོག་དང་ཞབས་ཞུའི་ཕྱིར་གཏོང་བཅས་དགོས་མཁོ་ཆེན་པོ་གསུམ་གྱིས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་དེ་50.2%དང་། 48.5% 1.3%སོ་སོར་ཟིན་པ་དང་། དགོས་མཁོ་ཆེན་པོ་གསུམ་གྱིས་GDPའཕར་རྒྱུར་སྐུལ་སྤེལ་བཏང་བ་ནི་བརྒྱ་ཆའི་གྲངས་3.7དང་། བརྒྱ་ཆའི་གྲངས་3.6 བརྒྱ་ཆའི་གྲངས་0.1བཅས་སོ་སོར་ཟིན་ཡོད།
         2013ལོར་GDPཡི་བཟོ་བཅོས་གྲངས་འབོར་སྒོར་དུང་ཕྱུར་3064འཕར་བ།
         རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཚེས་3ཉིན་2013ལོར་གཏོང་སྒོའི་བཅའ་ཁྲིམས་ཀྱི་GDPགྲངས་གཞིའི་མཛོད་ཀྱི་བཟོ་བཅོས་གྲངས་འབོར་ཡོངས་བསྒྲགས་བྱས་པ་དང་། བཟོ་བཅོས་བརྒྱབ་རྗེས་ཀྱི་2013ལོའི་གཏོང་སྒོའི་བཅའ་ཁྲིམས་ཀྱི་GDPཡི་སྤྱི་འབོར་སྒོར་དུང་ཕྱུར་589737ཟིན་པ་དེ་ཐོག་མའི་ཞིབ་རྩིས་གྲངས་འབོར་ལས་སྒོར་དུང་ཕྱུར་3064འཕར་ཡོད། དེའི་ནང་མཐར་འཛད་སྤྱོད་གཏོང་སྒོ་སྒོར་དུང་ཕྱུར་8843འཕར་བ་དང་། མ་རྩའི་རྣམ་པའི་སྤྱི་འབོར་སྒོར་དུང་ཕྱུར་6180ཉུང་དུ་ཕྱིན་པ། དངོས་ཟོག་དང་ཞབས་ཞུའི་ཕྱིར་གཏོང་སྒོར་དུང་ཕྱུར་401འཕར་ཡོད། བཟོ་བཅོས་བརྒྱབ་རྗེས་ཀྱི་2014ལོའི་GDPདེ་སྔོན་མའི་སྒོར་དུང་ཕྱུར་636463ནས་སྒོར་དུང་ཕྱུར་640796.4འཕར་ཡོད།