མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་
ནས་ནུབ་རྒྱུད་ཞིང་འབྲོག་ས་ཁུལ་གྱི་ཐུམ་འབུ་ནད་འགོག་བཅོས་ལས་དོན་སྒྲུབ་
ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྲོས་འགོ་བཏོན་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་05ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་
ནས་ནུབ་རྒྱུད་ཞིང་འབྲོག་ས་ཁུལ་གྱི་ཐུམ་འབུ་ནད་འགོག་བཅོས་ལས་དོན་སྒྲུབ་
ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྲོས་འགོ་བཏོན་པ།

མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་4ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་དུ་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་ནས་ནུབ་རྒྱུད་ཞིང་འབྲོག་ས་ཁུལ་གྱི་ཐུམ་འབུ་ནད་འགོག་བཅོས་ལས་དོན་ལེགས་འགྲུབ་ཇི་ལྟར་བྱེད་རྒྱུའི་སྐོར་ཇུས་དོན་ཐབས་འབུལ་བྱས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། 
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧོང་ཅེ་ཧྥུའུ་དང་། པད་མ། ཝང་ཡུས། པའོ་དབྱི་ཀྲི། ཝང་ཀྲེང་རུང་། བློ་བཟང་བསམ་གཏན། ཏིང་ཅེ། ལི་ཀྲེང་ཡ། ཅུས་ཧུང་ཧྭ། དབྱང་ཞིན་ཕིང་། ཀའོ་ཁྲུན་ཧྥང་། ཚའོ་ཧུང་ཞིན། ཀྲང་ཀྲུའོ་ཡ། ཉིའུ་ཀོང་མིང་། ལིའུ་དབྱིན་ལུང་བཅས་དང་། དེ་བཞིན་མཁས་པ་དང་རིག་པ་བ་ཚའེ་ཅིན་ཧྲནདང་ཝུན་ཅེ་བཅས་ཀྱིས་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གནང་བ་རེད།
         མི་དང་ཕྱུགས་རིགས་གཉིས་ཀར་ཕོག་སྲིད་པའི་གཞན་བརྟེན་སྲིན་འབུའི་ནད་ཐུམ་འབུ་ནད་ཅེས་པ་དེས་ནུབ་རྒྱུད་ཞིང་འབྲོག་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཀྱི་ལུས་ཁམས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ཡོང་བར་གནོད་འཚེ་ཚབས་ཆེན་གཏོང་གི་ཡོད་པས། ས་གནས་དེའི་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ལ་གནོད་སྐྱོན་ཚབས་ཆེན་བཏང་བ་རེད། ཉེ་བའི་ལོ་ཤས་རིང་ཏང་དང་རྒྱལ་ཁབ་ཀྱིས་རྩིས་མཐོང་ཧ་ཅང་ཆེན་པོ་བྱས་ཏེ་ཐུམ་འབུ་ནད་འགོག་བཅོས་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད། ཐུམ་འབུ་ནད་སྔོན་འགོག་ཚོད་འཛིན་བྱེད་དཀའ་བ་དང་། སྔོན་འགོག་ཚོད་འཛིན་བྱེད་རྒྱུའི་རྨང་གཞི་ཞན་པ། མ་དངུལ་མི་འདང་བ་སོགས་ཀྱི་དབང་གིས་ཐུམ་འབུ་ནད་འགོག་བཅོས་བྱེད་རྒྱུའི་ལས་དོན་ཐད་སྔར་བཞིན་དཀའ་ངལ་དང་འགྲན་སློང་མང་པོ་ཡོད་པ་རེད།