མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་རྨང་གཞིའི་གྲངས་གཞིའི་ཚད་གཞིའི་》རྒྱལ་
ཁབ་ཀྱི་ཚད་གཞི་ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་31ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་སྤུས་ཚད་ལག་རྩལ་ལྟ་སྐུལ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་། རྒྱལ་ཁབ་ཚད་གཞི་དོ་དམ་ཨུ་ལྷན་བཅས་ཀྱིས་ཚེས་28ཉིན་པེ་ཅིང་དུ་《སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་རྨང་གཞིའི་གྲངས་གཞིའི་ཚད་གཞི་》(GB/T31000—2015)གྱི་རྒྱལ་ཁབ་ཀྱི་ཚད་གཞི་ཡོངས་བསྒྲགས་བྱས་པ་དང་། ཚད་གཞི་དེ་2016ལོའི་ཟླ་3ཚེས་1ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་རེད། དེ་ནི་རང་རྒྱལ་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀའི་རྒྱལ་ཁབ་ཀྱི་ཚད་གཞི་ཨང་དང་པོ་དེ་ཡིན་པས་དེས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀ་དང་ཕྱོགས་བསྡུས་བཅོས་སྐྱོང་གི་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་འདེགས་སྐྱོར་དང་འགན་ལེན་གལ་ཆེན་བྱ་རྒྱུ་རེད། ཚད་གཞི་དེ་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་པུའུ་ཨུད་26གིས་འཆར་ཟིན་བཀོད་པས་དེའི་ནང་དོན་ཁྲོད་པུའུ་ཨུད་30ལྷག་ཙམ་གྱི་འབྲེལ་ཡོད་ལས་སྒོ་ཚུད་ཡོད།
          ཚད་གཞི་དེ་ཕྱོགས་བསྡུས་བཅོས་སྐྱོང་རྩ་འཛུགས་དང་དེ་བཞིན་ཕྱོགས་བསྡུས་ལས་སྒོ། དངོས་ཡོད་མི་འབོར། དམིགས་བསལ་མི་ཚོགས། གཙོ་གནད་གཞོན་ནུ་ལོ་ཆུང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས། སྤྱི་ཚོགས་བདེ་འཇགས། འགལ་བ་དང་རྩོད་གཞི་གྲལ་བཤེར་འདུམ་འགྲིག སློབ་གྲྭ་དང་དེ་བཞིན་མཐའ་འཁོར་གྱི་བདེ་འཇགས། ལམ་སྲུང་དང་སྐུད་ལམ་སྲུང་སྐྱོང་བཅས་ཕྱོགས་9ཡི་གཙོ་གནད་ལས་ཀ་ཚུད་ཡོད་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་ལས་ཀ་དང་ཆ་འཕྲིན་མ་ལག་འཛུགས་སྐྱོང་གི་གཞི་རྩའི་ལས་སྒོའི་གཞི་གྲངས་ཁག་གཏན་འབེབས་བྱས་ཏེ་རིམ་ཁག་ཕྱོགས་བསྡུས་བཅོས་སྐྱོང་རྩ་འཛུགས་ཀྱིས་ལས་སྒོའི་ཆ་འཕྲིན་བསྡུ་རུབ་དང་། བརྗེ་རེས། མཉམ་སྤྱོད། ལས་སྣོན། ཞིབ་འཇུག་བརྡར་གཅོད་བཅས་བྱས་ནས་གོང་འོག་འབྲེལ་བ་དང་། མཉམ་སྤྱོད། བདེ་འཇགས་བློས་འགེལ་ཆོག་པ་བཅས་ཀྱི་དུས་བདེ་བཏོད་པའི་ཆ་འཕྲིན་ཅན་གྱི་ཕྱོགས་བསྡུས་སྟེགས་བུ་མགྱོགས་མྱུར་བསྐྲུན་རྒྱུར་ཚད་ལྡན་ཅན་གྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཚད་གཞི་དེས་དགོས་མཁོ་ཕྱོགས་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་གཞི་དང་ལམ་སྲོལ་གསར་གཏོད་འཕེལ་རྒྱས་ལ་གཞི་ཚུགས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕྱོགས་བསྡུས་ལྟེ་གནས་དང་། བརྙན་ལམ་དྲ་སྦྲེལ་ལྟེ་གནས། ཕྱོགས་བསྡུས་བཅོས་སྐྱོང་གི་དཔུང་ཁག་འཛུགས་སྐྱོང་དང་དེ་བཞིན་དྲ་མིག་ཅན་གྱི་དོ་དམ་བཅས་ལ་སྐུལ་མ་གཏོང་བ་དང་། སྤྱི་ཚོགས་མཐུན་སྦྱོར་དང་། སྡེ་ཚན་མཉམ་འགུལ། ཐོན་ཁུངས་བསྡུ་སྒྲིལ་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་རྒྱུ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གཙོ་གནད་ས་ཁུལ་དུ་གྲལ་བཤེར་བཅོས་སྒྲིག་དང་བོགས་གཏོང་ཁང་པ་དང་། ཟོག་འགྲེམས་སྦྲག་སྐུར་ལས་རིགས་དོ་དམ། ཆག་སྒོ་སློང་བ་སོགས་ཤེས་པ་ཚུལ་བཞིན་དུ་མི་གནས་པའི་ནད་པར་ཞབས་ཞུ་དོ་དམ། འགལ་བ་དང་རྩོད་གཞི་གྲལ་བཤེར་བར་འདུམ་སོགས་གཅོ་གནད་ལས་དོན་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་མཉམ་འགོག་དང་། གནད་དོན་མཉམ་བཅོས། འགལ་བ་མཉམ་འདུམ། དུས་བདེ་མཉམ་གཏོད་བཅས་ཀྱི་མཉམ་ཤུགས་ཤིག་ཆགས་རྒྱུར་སྐུལ་མ་ཤུགས་ཆེན་གཏོང་བ་དང་འབྲེལ་འགུལ་རྣམ་ཅན་དང་ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག་སྤྱི་ཚོགས་བཅོས་སྐྱོང་གི་དུས་བབ་ལེགས་སུ་གཏོང་བའི་ནུས་པ་དང་ཆུ་ཚད་གོང་མཐོར་གཏོང་རྒྱུ་རེད།