མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒན་བཀུར་ཁང་གི་བགྲེས་སོང་ཚོ་དང་མཉམ་དུ་ལོ་གསར་བསུ་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་02ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་གིས་རྒན་བཀུར་ཁང་གི་བགྲེས་སོང་ཚོ་དང་མཉམ་དུ་ལོ་གསར་བསུ་བ།

         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཉིན་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀུའུ་ཡོན་གྲོང་ཁྱེར་ཡོན་ཀྲོའུ་ཆུས་ལྟེ་བའི་རྒན་བཀུར་ཁང་དུ་ཕེབས་ཏེ་བགྲེས་སོང་ཚོ་དང་མཉམ་དུ་ཐབ་ལྷ་མཆོད་པའི་དུས་ཆེན་(小年)རོལ་བ་རེད། ཙུང་ལི་ཡིས་ཁོང་གི་མཁྲིས་སུ་བཞུགས་པའི་ཧུའེ་རིགས་བགྲེས་སོང་མཱ་ཨན་ཚང་དང་བཞེས་ལག་བཞེས་བཞིན་ཁ་བརྡར་གནང་སྟེ་བགྲེས་སོང"ཞལ་རས་དམར་མདངས་རྒྱས་པར"བསྟོད་བསྔགས་གནང་བ་མ་ཟད། བགྲེས་སོང་ལ་ཅའོ་ཙི་དཀར་ཡོལ་གང་བླུགས་ནས་གནང་། དེ་རྗེས་ཙུང་ལི་ལི་ཁེ་ཆང་ཡར་བཞེངས་ཏེ་ཕྱག་ནང་གི་བཏུང་བ་ཚ་པོ་བཀྱག་སྟེ་བགྲེས་སོང་རྣམ་པ་སྐུ་གཟུགས་བདེ་ཐང་དང་འཚོ་བ་སྐྱིད་པོ་ཚེ་རིང་ལོ་བརྒྱ་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད།