མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཟླ་ཆུ་འབབ་རྒྱུད་ཀྱི་མཉམ་ལས་སྐོར་གྱི་འགོ་ཁྲིད་པའི་ཚོགས་འདུ་ཐོག་མ་ཀྲུང་གོའི་སན་
ཡ་གྲོང་ཁྱེར་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་24ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཟླ་ཆུ་འབབ་རྒྱུད་ཀྱི་མཉམ་ལས་སྐོར་གྱི་འགོ་ཁྲིད་པའི་ཚོགས་འདུ་ཐོག་མ་ཀྲུང་གོའི་སན་
ཡ་གྲོང་ཁྱེར་དུ་འཚོགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་23ཉིན་གྱི་སྔ་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་གོའི་ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་ཚོགས་འདུ་ལྟེ་གནས་སུ་ཟླ་ཆུ་འབབ་རྒྱུད་ཀྱི་མཉམ་ལས་སྐོར་གྱི་འགོ་ཁྲིད་པའི་ཚོགས་འདུ་ཐོག་མ་གཙོ་སྐྱོང་གནང་བ་དང་། ཚོགས་ཞུགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོ་དང་མཉམ་དུ“འབབ་ཆུ་གཅིག་གི་ཆུ་འཐུང་ནས་ལས་དབང་ཕན་ཚུན་དམ་པོ་སྦྲེལ”ཞེས་པའི་ཚོགས་འདུའི་བརྗོད་བྱ་གཙོ་བོར་དམིགས་ཏེ་ཟླ་ཆུ་འབབ་རྒྱུད་མཉམ་ལས་འཕེལ་རྒྱས་གཏོང་རྒྱུའི་ཇུས་ཆེན་མཉམ་གྲོལ་གནང་བ་རེད། ཐེ་ལན་རྒྱལ་ཁབ་ཀྱི་ཙུང་ལི་པ་ཡུས་དང་། ཁམ་ཕུ་ཁྲེ་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ཧུང་སེན། ལོ་སི་རྒྱལ་ཁབ་ཀྱི་ཙུང་ལི་ཐོང་ཞིན། འབར་མ་རྒྱལ་ཁབ་ཀྱི་ཙུང་ཐུང་སའེ་མའོ་ཁང་། ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཧྥན་ཕིང་མིང་བཅས་ཚོགས་འདུར་ཞུགས་པ་རེད།