མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་རི་པིན་ཞུང་པིན་རྫོང་དུ་ས་ཡོམ་དྲག་པོ་བྱུང་བའི་སྐོར་རི་པིན་གྱི་
གནམ་བསྐོས་གོང་མ་མིང་རེན་ལ་འཚམས་འདྲི་གློག་འཕྲིན་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་19ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་18ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རི་པིན་གྱི་ཞུང་པིན་རྫོང་དུ་ས་ཡོམ་དྲག་པོ་བྱུང་བའི་སྐོར་རི་པིན་གྱི་གནམ་བསྐོས་གོང་མ་མིང་རེན་ལ་འཚམས་འདྲི་གློག་འཕྲིན་གནང་བ་རེད།
         ཞིས་ཅིན་ཕིང་གིས་གང་ཉིད་ཀྱི་རྒྱལ་ཁབ་ལ་ས་ཡོམ་དྲག་པོ་བྱུང་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་ཚབས་ཆེན་བྱུང་བ་གློ་བུར་གོ་ཐོས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་རྐྱེན་ལམ་དུ་ཤོར་མཁན་ཚོར་ཡིད་སེམས་རབ་ཏུ་སྐྱོ་བའི་ངང་ནས་མྱ་ངན་ཞུ་བ་དང་། རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་དང་རྨས་སྐྱོན་ཕོག་པའི་མི་སྣ་ཚོར་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུ་རྒྱུ་ཡིན། རི་པིན་མི་དམངས་ཀྱིས་དཀའ་ཁག་སེལ་ཏེ་ཕ་ཡུལ་བསྐྱར་སྐྲུན་སྔ་ཙམ་བྱེད་ཐུབ་པར་སྙིང་ཐག་པ་ནས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།