མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་མྱ་ངན་ཞུ་བའི་གློག་འཕྲིན་བཏང་ནས་ལེའང་སི་ལི་སྐུ་གཤེགས་པར་
མྱ་ངན་ཞུས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་19ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་མྱ་ངན་ཞུ་བའི་གློག་འཕྲིན་བཏང་ནས་བློ་མཐུན་ལེའང་སི་ལི་སྐུ་གཤེགས་པར་མྱ་ངན་ཞུས་པ་མ་ཟད། བློ་མཐུན་ལེའང་སི་ལིའི་གཉེན་ཉེར་འཚམས་འདྲི་ཡང་ཞུས་གནང་བ་རེད།
         ཞིས་ཅིན་ཕིང་གིས་མྱ་ངན་ཞུ་བའི་གློག་འཕྲིན་ནང་། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་སུ་བློ་མཐུན་ལེའང་སི་ལི་བློ་རྩ་བརྟན་པོའི་ངང་རྒྱལ་ཁབ་ཏུ་ཕྱིར་ལོག་བྱས་ནས་རང་རྒྱལ་གྱི་མཁའ་འགྲུལ་བྱ་གཞག་གོང་འཕེལ་ཆེད་སྟོབས་ཤུགས་ཡོད་དགུ་རྩལ་སྤྲུགས་བཏོན་གནང་བ་མ་ཟད། ལེགས་སྐྱེས་གལ་ཆེན་ཡང་ཕུལ་གནང་བ་དང་། ཁོང་གི་རྒྱལ་གཅེས་ཀྱི་བསམ་བློའི་འཁྱེར་སོ་དང་། སྐྱེས་འབུལ་གྱི་སྙིང་སྟོབས། སྤྱོད་ཚུལ་ནན་པོ་བཅས་ལ་མོས་གུས་སྐྱེ་འོས་པ་ཞིག་རེད་ཅེས་འཁོད་ཡོད།
         ལིའང་སི་ལི་ནི་རང་རྒྱལ་མཁའ་འགྲུལ་བྱ་གཞག་གི་རྨང་རྡོ་འདིང་མཁན་གྱི་གྲས་ཡིན་ལ་འཕུར་མདེལ་དང་མེ་ཤུགས་འཕུར་མདའི་ཚོད་འཛིན་མ་ལག་གི་རིགས་གཅིག་མཁས་ཅན་གྲགས་ཅན་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོའན་ཧྲི། རྒྱལ་སྤྱིའི་མཁའ་འགྲུལ་ཚན་རིག་ཁང་གི་ཡོའན་ཧྲི། ཀྲུང་གོ་མཁའ་འགྲུལ་ཚན་རྩལ་ཚོགས་པ་ཀུང་སིའི་ཚན་རྩལ་ཨུ་ལྷན་གྱི་བློ་འདྲི་ཡུལ་བཅས་ཡིན་ཞིང་། སྙུང་གཞིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་ནུས་མ་ཐོན་པར་2016ལོའི་ཟླ་4ཚེས་14ཉིན་གྱི་ཆུ་ཚོད་10དང་སྐར་མ་52ཀྱི་ཐོག་པེ་ཅིང་དུ་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ་91ཡིན་པ་རེད།