མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཝང་དབྱི་ཡིས་འབྲུག་ཡུལ་གྱི་ཕྱི་འབྲེལ་བློན་ཆེན་དམ་ཆོས་རྡོ་རྗེ་ལ་མཇལ་འཕྲལ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་16ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཝང་དབྱི་ཡིས་འབྲུག་ཡུལ་གྱི་ཕྱི་འབྲེལ་བློན་ཆེན་དམ་ཆོས་རྡོ་རྗེ་ལ་མཇལ་འཕྲལ་གནང་བ།

         ཟླ་8ཚེས་15ཉིན་ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིང་ནས་ཀྲུང་གོར་ཕེབས་ཏེ་ཀྲུང་འབྲུག་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་གྲོས་མོལ་རེས་འཁོར་24པར་ཞུགས་པའི་འབྲུག་ཡུལ་གྱི་ཕྱི་འབྲེལ་བློན་ཆེན་དམ་ཆོས་རྡོ་རྗེ་ལ་མཇལ་འཕྲད་གནང་བ་རེད།
         ཝང་དབྱི་ཡིས་ཀྲུང་གོས་སྔ་ཕྱི་བར་གསུམ་དུ་འབྲུག་ཡུལ་གྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་བ་བཅས་ལ་བརྩི་འཇོག་བྱེད་ཀྱི་ཡོད། ཀྲུང་གོ་དང་འབྲུག་ཡུལ་གཉིས་བར་འབྲེལ་བ་སྔ་ཙམ་འཛུགས་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་མ་ཟད། ས་ཁུལ་གྱི་བརྟན་ལྷིང་དང་འཕེལ་རྒྱས་སྲུང་སྐྱོང་བྱེད་པ་ལའང་ཕན་པ་རེད། ཀྲུང་གོ་ཕྱོགས་ཀྱིས་འབྲུག་ཡུལ་ཕྱོགས་དང་མཛའ་མཐུན་གྲོས་མོལ་བྱས་པ་བརྒྱུད་ནས་མཐའ་མཚམས་ཀྱི་གནད་དོན་ཐག་གཅོད་སྔ་ཙམ་བྱེད་འདོད་ཡོད་ཅེས་བསྟན་པ་རེད།