མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་མི་རིགས་ས་ཁུལ་གྱི"བློ་རིག་ཁྲིམས་ཁང"བསྐྲུན་
ནས་སྐད་གཉིས་ཁྲིམས་དཔོན་གྱི་དཔུང་ཁག་ལ་ཤུགས་སྣོན་
རྒྱག་རྒྱུ་ཡིན་ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་26ཉིན། 08:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་མི་རིགས་ས་ཁུལ་གྱི་ཁྲིམས་ཁང་གིས་དྲ་འབྲེལ་གྱི་བསམ་ཕྱོགས་སྤྱད་ནས་ཆ་འཕྲིན་ཅན་སྐྲུན་རྒྱུར་སྔར་བས་སྣང་ཆེན་བྱས་ཏེ། “བློ་རིག་ཁྲིམས་ཁང”བསྐྲུན་པའི་དམིགས་ཚད་ཧུར་ཐག་བསྒྲུབས་ཐོག མི་རིགས་ས་ཁུལ་ཁྲིམས་ཁང་གི་འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
         ཚེས་24ཉིན། གསར་འགོད་པར་ཀན་སུའུ་ཡི་འབྲུག་ཆུར་འཚོགས་པའི་མི་རིགས་ཁྲིམས་ལུགས་རིག་གནས་དང་ཁྲིམས་འཛིན་ལག་ལེན་གྱི་བགྲོ་གླེང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔར་མི་དམངས་ཁྲིམས་ཁང་གི་ཆ་འཕྲིན་ཅན་སྐྲུན་རྒྱུ་དེ་ཕྱོགས་སྒྱུར་རིམ་སྤོར་གྱི་དུས་མཚམས་སུ་སླེབས་པ་དང་། མི་དམངས་ཁྲིམས་ཁང་ཆ་འཕྲིན་ཅན་གྱི་དཔར་གཞི་3.0གང་མགྱོགས་སྐྲུན་བཞིན་ཡོད་པས། གོམ་སྟབས་རྗེས་མར་མི་རིགས་ས་ཁུལ་གྱི་ཁྲིམས་ཁང་གི་ཆ་འཕྲིན་ཅན་སྐྲུན་རྒྱུར་སྔར་བས་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།
         ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས། གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁྲིམས་འཛིན་དགོས་མཁོར་བསམ་གཞིག་གང་ལེགས་ཀྱིས་རྒྱང་ཁྲིད་བརྙན་མཐོང་ཐོག་ནས་ཁྲིམས་རར་འདྲི་གཅོད་བྱེད་པ་དང་སྐོར་སྐྱོད་འདྲི་གཅོད་སོགས་ཀྱི་བྱ་ཐབས་ཁྱབ་གདལ་ཧུར་ཐག་བཏང་ནས། ཐག་རིང་ས་ཁུལ་དང་རྩྭ་ཐང་མཐིལ་གྱི་མང་ཚོགས་ཞུ་གཏུག་ནང་ཞུགས་རྒྱུར་སྟབས་བདེ་བསྐྲུན་དགོས། ཆ་འཕྲིན་ཅན་འཛུགས་སྐྱོང་གི་དམངས་ཕན་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱེད་པ་དང་། གྲངས་ཉུང་མི་རིགས་མང་ཚོགས་ཀྱི་འཚོ་སྡོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་དྲ་ཐོག་ནས་གྱོད་ཁོངས་སུ་འཇུག་རྒྱུ་སྔོན་མངགས་དང་། དྲ་ཐོག་ནས་མཆན་འགོད་སོགས་ཀྱི་མ་ལག་སྤྱད་དེ་གྱོད་ཁོངས་སུ་འཇུག་མགྱོགས་པ་དང་། འདྲི་ཞིབ་མགྱོགས་པ། ཁྲུན་གཅོད་མགྱོགས་པ། ལག་ལེན་བསྟར་མགྱོགས་པ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གྲངས་ཉུང་མི་རིགས་མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས་མཉེན་ཆས་གསར་སྤེལ་དང་། ཆ་འཕྲིན་ཡོངས་བསྒྲགས། ཆ་འཕྲིན་འཚོལ་བཤེར་བཅས་བྱེད་པའི་ནང་སྐད་གཉིས་གྱི་བློ་འདྲིའི་མ་ལག་འཛུགས་པ་དང་། སྐད་གཉིས་ཡོངས་བསྒྲགས་བརྙན་ཡོལ་འཛུགས་པ། སྐད་གཉིས་བཅའ་ཁྲིམས་གཞུང་ཡིག་དྲ་ཐོག་ཏུ་སྐྱེལ་བ་སོགས་ཀྱི་ཐབས་ཤེས་སྤྱད་དེ། ཁྲིམས་ཁང་གི་ཆ་འཕྲིན་ཅན་འཛུགས་སྐྱོང་དང་མི་རིགས་སྐད་བརྡ་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཚུལ་བཤད་པ་རེད།
         སྐད་གཉིས་ཁྲིམས་དཔོན་གསོ་སྐྱོང་ལས་ཀའི་ཐད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྐད་གཉིས་ཁྲིམས་དཔོན་གྱི“མི་སྟོང་གི་འཆར་གཞིར”སྐུལ་སྤེལ་ཏན་ཏིག་བཏང་ནས་ཆབ་སྲིད་ཐད་ལངས་ཕྱོགས་བརྟན་པོ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ། མི་གྲངས་འདང་ངེས་བཅས་ཀྱི་སྐད་གཉིས་ཁྲིམས་དཔོན་དཔུང་ཁག་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས་ཚུལ་བཤད་པ་རེད།