མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་བའི་ཉིན་གཉིས་པར་གནས་སྤོས་
དབུལ་སྐྱོར་དང་། སྐྱེ་ཁམས་ཁོར་ཡུལ་སྲུང་སྐྱོང་། ནུས་རྒྱུ་གཙང་མ་
འཕེལ་རྒྱས་བཅས་ཀྱི་སྐོར་གསུངས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་24ཉིན། 15:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་བའི་ཉིན་གཉིས་པར་གནས་སྤོས་
དབུལ་སྐྱོར་དང་། སྐྱེ་ཁམས་ཁོར་ཡུལ་སྲུང་སྐྱོང་། ནུས་རྒྱུ་གཙང་མ་
འཕེལ་རྒྱས་བཅས་ཀྱི་སྐོར་གསུངས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་23ཉིན་གྱི་སྔ་དྲོར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་(互助土族自治县)གི་ཝུའུ་ཧྲི་གྲོང་རྡལ་པན་ཡན་གྲོང་ཚོར་(五十镇班彦村)ཕེབས་ནས་གནས་སྤོས་དབུལ་སྐྱོར་གྱི་གནས་སྤོའི་གྲོང་གསར་འཛུགས་སྐྲུན་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། གྲོང་གསར་འཛུགས་སྐྲུན་བྱ་ཡུལ་དུ་ཞིས་ཅིན་ཕིང་གིས་ཆར་པ་ཟིམ་ཟིམ་དུ་འབབ་པར་མ་འཛེམས་པར་ལས་མཇུག་བསྒྲིལ་མེད་པའི་འདམ་རྫབ་བགྲོད་ལམ་དུ་བརྒྱུད་ནས་གྲོང་མི་ལུའི་ཡིའུ་ཀྲང་ཚང་གི་སྡོད་ཁང་གསར་པར་ཕེབས་ཏེ་ཁང་པའི་བཟོ་བཀོད་ལ་གཟིགས་ཞིབ་དང་། ཨར་ལས་འཕེལ་རིམ་ཤེས་རྟོགས། མེ་དོང་ནས་དྲོད་ལེན་བྱས་ཚུལ་ལ་ཐུགས་ཁུར་བཅས་གནང་བ་རེད། སྔོན་ཆད་ཀྱི་པན་ཡན་གྲོང་ཚོ་འཚོ་གནས་ཆ་རྐྱེན་ཧ་ཅང་ཞན་པའི་ས་རྒྱུད་དུ་གནས་ཤིང་། རིའི་སྟེང་ལ་རང་འབབ་ཆུ་འཐེན་ཐུབ་མེད་པས་གྲོང་མི་ཚོས་དོང་ཆུ་སྤྱོད་ཀྱི་ཡོད་པ་རེད། སྡོད་ཁང་གསར་པའི་སྒོ་རའི་ནང་གི་ཆུ་ཟོམ་གཉིས་ནང་རང་འབབ་ཆུ་གང་ཡོད་པ་མཐོང་རྗེས། ཞིས་ཅིན་ཕིང་གིས་གྲོང་ཚོ་གསར་པར་ཆུ་དང་། གློག འཕྲིན་གཏོང་སོགས་སྟབས་བདེ་བྱུང་ཡོད་པས། གྲོང་མི་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེར་བདེ་སྐྱིད་ཡོང་བའི་རེ་འདུན་གནང་བ་རེད།
         ཟླ་8ཚེས་23ཉིན་གྱི་ཕྱི་དྲོར་ཞིས་ཅིན་ཕིང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་ཕེབས་ནས་རྒྱང་རིང་བརྙན་ལམ་ལྟ་ཞིབ་ཚད་ལེན་མ་ལག་ལ་བརྟེན་ནས་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཕྱི་རོལ་ན་ཡོད་པའི་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་གི་དངོས་ཡོད་སྣང་བརྙན་ལ་གཟིགས་པ་རེད། རྨ་ཆུའི་འབྱུང་ཁུངས་མཚོ་སྐྱ་རེངས་དང་སྔོ་རེངས་དང་། རྣམ་སྲས་རྫ་ཆུའི་གྲོག་རོང་ཆེན་པོ་བཅས་ཀྱི་མདུན་སའི་སྐྱེ་ཁམས་སྲུང་སྐྱོང་མི་སྣ་དང་གཞི་རིམ་ལས་བྱེད་པར་བརྙན་ལམ་འབྲེལ་མཐུད་བྱེད་སྐབས་ཞིས་ཅིན་ཕིང་གིས་སྐྱེ་ཁམས་སྲུང་སྐྱོང་བྱ་དགའ་ཁ་གསབ་འགྲེམས་སྤྲོད་དང་། སྐྱེ་ཁམས་དོ་དམ་སྲུང་སྐྱོང་མི་སྣ་བཀོད་སྒྲིག གསའ་སོགས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅས་ཀྱི་གནས་ཚུལ་ཤེས་རྟོག་ཞིབ་ཕྲ་གནང་བ་མ་ཟད། གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་འཚོ་བ་བདེ་སྐྱིད་དང་སྐུ་ཁམས་བདེ་ཐང་ཡོང་བའི་སྨོན་འདུན་ཡང་ཞུས་གནང་བ་རེད། ཞིས་ཅིན་ཕིང་གིས"ཀྲུང་གོའི་ཆུ་གསོག་མཐོ་ལྕོག"ནི་རྒྱལ་ཁབ་ཀྱི་ཚེ་སྲོག་གི་འབྱུང་རྩ་ཡིན་པས། གཙང་གསུམ་ཆུ་འགོ་སྲུང་སྐྱོང་ལེགས་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་གཏོང་རྒྱུའི་གལ་འགངས་ཆེ་ཤོས་ཡིན་པས། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་ཡོལ་འཛུགས་སྐྲུན་བརྟན་པོ་བྱེད་པའི་ལས་འགན་གལ་ཆེན་ཁུར་ཡོད། ལག་ལེན་གྱིས་ར་སྤྲོད་བྱས་པ་ལྟར་ན། གཙང་གསུམ་ཆུ་འགོའི་ས་ཁུལ་གསར་སྤེལ་བྱ་རྒྱུར་ཚོད་འཛིན་དང་བཀག་སྡོམ་བྱ་རྒྱུ་དེ་ནི་འཕེལ་རྒྱས་ལ་བཀག་འགོག་བྱེད་པ་མ་ཡིན་པར་དེ་ལས་ལྡོག་སྟེ་འཕེལ་རྒྱས་ལ་ཕན་པ་ཡོད་པ་ཞིག་རེད། ཞིས་ཅིན་ཕིང་གིས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་མི་སྣ་ཚོས་འགན་འཁྲི་ནན་སྒྲུབ་དང་སྲུང་སྐྱོང་ལས་འགན་ལེགས་འགྲུབ་བྱ་རྒྱུ་དང་། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་བའི་ཚོད་ལྟ་སྔར་ལས་ལྷག་པར་བྱས་ཏེ་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོ་ཏན་ཏིག་བྱ་རྒྱུའི་རེ་བ་གནང་བ་རེད།