མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱི་འབྲེལ་པུས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་གཅིག་པར་
ཞུགས་མཁན་ཕྱི་ཕྱོགས་ཀྱི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་
འགན་འཁུར་བའི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་26ཉིན། 08:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་24ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་གཅིག་པ་ཟླ་9ཚེས་4ནས་ཚེས་5ཉིན་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན་ཞིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གི་གདན་ཞུས་ལྟར་ཨ་ཀེན་ཐིན་གྱི་ཙུང་ཐུང་མ་ཁེ་ལི་དང་། པར་ཙིར་གྱི་འགོ་ཁྲིད་པ། ཧྥ་རན་སེའི་ཙུང་ཐུང་ཨའོ་ལང་ཏེ། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོའོ། ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧུའེ། མོ་ཞི་ཁོའི་ཙུང་ཐུང་ཕེ་ཉི་ཡ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ། ཐུར་ཁེའི་ཙུང་ཐུང་ཨའེར་ཏོའོ་ཨན། ཨ་རིའི་ཙུང་ཐུང་ཨོ་པ་མ། ཨོ་སི་ཁྲུ་ལི་ཡའི་ཙུང་ཐུང་ཐེ་ཨན་པུའར། ཁ་ན་ཏའི་ཙུང་ལི་ཐེ་ལུའུ་ཏོའོ། འཇར་མན་གྱི་ཙུང་ལི་མུའོ་ཁེར། རྒྱ་གར་གྱི་ཙུང་ལི་མོ་ཏི། དབྱི་ཐ་ལིའི་ཙུང་ལི་ལུན་ཆི། རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་ལའེ་ཧྲ·མའེ། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁེ། ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་རུང་ཁེ། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དབུ་བཞུགས་བློན་ཆེན་གཞོན་པ་གཉིས་པ་གཅིག་ལྕོགས་དང་རྒྱལ་སྲུང་བློན་ཆེན་མོ་ཧན་མོ་ཏེ་བཅས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིའི་འགོ་ཁྲིད་པ་དང་། ཆ་ཏེའི་ཙུང་ཐུང་ཏའེ་པེ་དང་། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས། ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲར་པ་ཡེ་ཧྥུའུ། ལོ་སིའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པན་ཡང་། སེ་ནེ་ཀལ་ཙུང་ཐུང་ས་ལེ། སིང་ཀ་ཕོར་གྱི་ཙུང་ལི་ལི་ཤན་ལུང་། སི་ཕེན་གྱི་དབུ་བཞུགས་བློན་ཆེན་ལ་ཧོ་དབྱི། ཐེ་ལན་གྱི་ཙུང་ལི་པ་ཡུས་སོགས་མགྲོན་པོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་དང་། འཛམ་གླིང་དངུལ་ཁང་གི་ཧང་ཀྲང་ཅིན་ཡུང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱི་སྤྱི་ཁྱབ་གཙོ་འཛིན་ལ་ཅ་ཏེ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲེ་ཨ་ཙེ་ཝེ་ཏུའོ། རྒྱལ་སྤྱིའི་བཟོ་པའི་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲེ་ལའེ་ཏེ། དངུལ་རྩ་བརྟན་ལྷིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁེ་ཉི། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཆེ་ཀུའུ་ལི་ཡ་སོགས་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་ཚོགས་འདུར་ཞུགས་རྒྱུ་ཡིན་པ་རེད།