མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་
མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན་གྱི་ཕྱི་དྲོ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་བཅས་ཡིན་པའི་ཀུའོ་ཅིན་ལུང་དང་། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུའུ་ཁོའོ་ཕུས་ཤིས་ཚིག་གསུངས་པ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི་ལིའུ་ཕུང་དང་། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཧྲི་ཀྲང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཨན་ཧྲུན། ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཧྲེང་ཀྲང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི་བཅས་ཡིན་པའི་ཀྲང་ཆིང་ཝུའེ། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི་ཀྲང་ཧའེ་ཏི་བཅས་ཞུགས་ཡོད།
         རུའུ་ཁོའོ་ཕུས་ཤིས་ཚིག་གསུངས་ཤིང་། ཁོང་གིས་མཐུན་སྦྱོར་ཨུ་ལྷན་གྱིས་པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་དང་མཉམ་དུ་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་སྐབས་དང་པོ་གྲུབ་འབྲས་ལྡན་པའི་ངང་གཉེར་རྒྱུར་ཕྱོགས་པ་དང་ཀྲུང་གོ་དང་། པེ་ཅིང་། ཧོ་པེ་ཞིང་ཆེན་བཅས་ལ་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུ་ནོར་ཆེན་པོ་འཇོག་པའི་དམིགས་ཚད་ཆེད། ལོ་6འབད་འཐབ་བྱ་རྒྱུ་ཡིན། དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་སྐབས་དང་པོ་གཉེར་བར་འགྲན་སློང་འཕྲད་ནའང་ང་ཚོས་དཀའ་ངལ་མཐའ་དག་་ཁྱད་བསད་ཐུབ་པ་བྱ་རྒྱུའི་ཆོད་སེམས་བཅངས་ཡོད། ཀྲུང་གོ་སྲིད་གཞུང་གི་རྒྱབ་སྐྱོར་ནུས་ལྡན་འོག་པེ་ཅིང་ལ་འགྲན་བསྡུར་ཆེ་གྲས་གཉེར་བའི་ཉམས་མྱོང་དང་ལེགས་ཆ་མང་པོ་ལྡན་ལ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་དམིགས་ཚད་ཀྱི་ཕུགས་འདུན་དང་ཡང་གཅིག་མཚུངས་ཡོང་བ་བྱ་ངེས་རེད་ཅེས་གསུངས་པ་རེད།
         ཀུའོ་ཅིན་ལུང་གིས་ཤིས་ཚིག་ནང་། དང་ཐོག་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཚབ་ཞུས་ནས་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་ལ་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་ཀྱི་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་་ལས་ཀར་མཐོང་ཆེན་པོ་བྱས་པ་མ་ཟད། དེ་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་འཆར་འགོད་དང་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱིས་མཉམ་དུ་འཕེལ་རྒྱས་གཏོང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་འཇུག་རྒྱུ་ཡིན་ལ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གྲབས་གཉེར་གྱི་ལས་དོན་ལ་བླང་བྱ་ཁ་གསལ་བཏོན་གནང་ཡོད་པས། ང་ཚོས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ལྡན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་དོན་འཁྱོལ་ནན་ཏན་བྱེད་པ་དང་། ལྗང་མདོག་གི་ཨོ་རྩལ་། མཉམ་སྤྱོད་ཀྱི་ཨོ་རྩལ། སྒོ་དབྱེའི་ཨོ་རྩལ། སྤྱོད་གཙང་གི་ཨོ་རྩལ་བཅས་གཉེར་རྒྱུ་མཐའ་འཁྱོངས་ཀྱིས་པེ་ཅིང་གི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་ཀྱི་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་དེ་ངོ་མཚར་ཆེ་ལ་དམིགས་བསལ་གྱི་གྲུབ་འབྲས་ལྡན་པའི་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་གཉེར་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཚོགས་འདུའི་ཐོག་རྩ་འཛུགས་ཀྱི་གྲུབ་ཆ་དང་། རྒྱུན་སྲིང་འཕེལ་རྒྱས་དང་། ཤུལ་བཞག རྒྱལ་སྤྱིའི་ཕྱོགས་རྐྱང་པའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་མཉམ་ལས། དགུན་དུས་ཀྱི་ལུས་རྩལ་འཕེལ་རྒྱས། ཁྲོམ་ར་གསར་སྤེལ། དྲིལ་བསྒྲགས་དང་དེའི་ནང་ཞུགས་རྒྱུ་ལུས་རྩལ་ཁང་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་སྐོར་གྱི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་བརྗོད་གཞིའི་སྐོར་ཉན་ཞིང་། ཚོགས་འདུའི་རིང་མཐུན་སྦྱོར་ཨུ་ལྷན་གྱིས་པེ་ཅིང་དང་། ཡན་ཆིང་། ཀྲང་ཅ་ཁོའུ་བཅས་ཀྱི་འགྲན་ཁུལ་གསུམ་གྱི་འགྲན་རའི་འཆར་འགོད་དང་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་དང་བཞུགས་མོལ་ཡང་བྱས་ནས་གྲབས་གཉེར་བྱེད་རིང་ཀུན་སློང་གི་བསམ་པ་གཅིག་མཐུན་ཡོང་བ་རྒྱུན་འཁྱོངས་དང་རྨང་གཞིའི་དུས་མཚམས་ཀྱི་གསར་གཏོད་ནུས་པ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ། “་མི་དུང་ཕྱུར་གསུམ་གངས་འཁྱག་འགྲན་བསྡུར”ནང་ཞུགས་རྒྱུར་སྐུལ་མ་གཏོང་རྒྱུ། 《ཨོ་ལིམ་ཕིག་གི་2020ལོའི་གྲོས་རིམ་》ལག་བསྟར་སོགས་ཀྱི་གནད་དོན་ལ་བསམ་འཆར་བརྗེས་རེས་གཏིང་ཟབ་བྱས་པ་རེད།