མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་དང་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐུའོ་དབར་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་07ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་དང་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐུའོ་དབར་གྲོས་མོལ་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོང་ཁྱེར་ཧེར་སིན་ཁིར་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐུའོ་དང་གྲོས་མོལ་གནང་བ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཧྥིན་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་67སོང་རིང་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་བར་གདེང་འཇོག་ཧུར་ཐག་གནང་ནས་ཐུན་མོང་ཐོག་ཀྲུང་ཧྥིན་གྱི་འབྱུང་འགྱུར་ལ་ཕྱོགས་པའི་མཉམ་ལས་རོགས་ཟླའི་འབྲེལ་བ་གསར་པ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་སྟེ་ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་བྱས་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་དགོས་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥིན་ལན་ནི་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། མཉམ་ལས་གཉིས་ཁེ་བཅས་ཀྱི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་ཡིན། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཐོག་མཐའ་བར་གསུམ་དུ་ཕན་ཚུན་མཛའ་གྲོགས་ཀྱི་བརྩེ་སེམས་ཡོད། ཧྥིན་ལན་གྱི་མི་དམངས་ཀྱིས་ལོ་བརྒྱའི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་བཞིན་ཡོད་ལ་ཀྲུང་གོ་མི་དམངས་ཀྱིས་ཀྱང&ldquo;ལོ་བརྒྱ་གཉིས&rdquo;ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་བྱེད་བཞིན་ཡོད། ཀྲུང་ཧྥིན་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་དགོས་མཁོ་ཧ་ཅང་མཐུན་པ་དང་ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་དང་ཟུང་འབྲེལ་བྱས་ཏེ་ཀྲུང་ཧྥིན་འབྲེལ་བའི་ཡང་དག་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱེད་པ་དང་། མཐོ་རིམ་དབར་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་བ། ཕྱོགས་གཉིས་པོའི་འབྲེལ་བའི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་བ། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། ལེགས་ཆ་གསབ་རེས་མངོན་འགྱུར་ཐུབ་པ་བཅས་བྱས་ནས་རང་སོ་སོའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།<br />ཞི་ཅིན་ཕིང་གིས་ཉི་ཉི་སི་ཐུའོ་ལ་ཀྲུང་གོའི་ཉེ་དུས་དཔལ་འབྱོར་དང་སྤྱི་ཚོགས་དུས་བབ་དང་འཕེལ་རྒྱས་ཀྱི་མདུན་ལམ་ངོ་སྤྲོད་གནང་བ་རེད།
         ཉི་ཉི་སི་ཐུའོ་ཡིས་ཧྥིན་ལན་རང་བཙན་བྱུང་ནས་ལོ་100འཁོར་བའི་སྐབས་འདིར་ཀྲུའུ་ཞི་ཞི་ཅིན་ཕིང་ཧྥིན་ལན་དུ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། ཧྥིན་ལན་གྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ཀྲུང་གོའི་ནུས་པ་གལ་ཆེན་ལ་མཐོང་ཆེན་པོ་བྱེད་པ་དང་ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པ་དེ་གོ་སྐབས་སུ་བྱས་ནས་ཕྱོགས་གཉིས་པོའི་མཐོ་རིམ་དང་ཁྱབ་ཁོངས་ཁག་དབར་འགྲོ་འོང་དམ་ཟབ་བྱས་ཏེ་དཔལ་འབྱོར་ཚོང་དོན་དང་། མ་འཇོག གསར་གཏོད། ཁོར་ཡུག་སྲུང་སྐྱོང་། ཡུལ་སྐོར། དགུན་དུས་ལུས་རྩལ། བྱང་སྣེའི་ལས་དོན་སོགས་ཁྱབ་ཁོངས་དང&ldquo;རྒྱུད་གཅིག་ལམ་གཅིག&rdquo;སྒྲོམ་གཞིའི་འོག་གི་མཉམ་ལས་གཏིང་ཟབ་བྱེད་པ་དང་རྒྱལ་སྤྱིའི་གནད་དོན་འགངས་ཆེན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་དབར་མཉམ་ལས་དེ་བས་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
          རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཧྥིན་གྱི་འབྱུང་འགྱུར་ལ་ཕྱོགས་པའི་མཉམ་ལས་རོགས་ཟླའི་འབྲེལ་བ་གསར་པ་འཛུགས་པ་དང་སྐུལ་འདེད་གཏོང་རྒྱུར་ཁས་ལེན་མགྲིན་གཅིག་ཏུ་གནང་བ་དང་ཕྱོགས་གཉིས་པོས་དེ་བས་སྔ་བལྟས་ཕྱི་བསམ་གྱི་རང་བཞིན་དང་། འཐབ་ཇུས་རང་བཞིན། དུས་རབས་རང་བཞིན་བཅས་ལྡན་པའི་ཀྲུང་ཧྥིན་འབྲེལ་བ་འཛུགས་རྒྱུ་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད་པའི་ནན་བཤད་གནང་བ་རེད།<br />ཕྱོགས་གཉིས་པོས་ཕན་ཚུན་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་པ་དང་། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་རྩ་དོན་མཐའ་འཁྱོངས་བྱེད་པ། ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་འགངས་ཆེན་ལ་ལྟ་རྟོག་བཅས་བྱ་རྒྱུའི་བསྐྱར་བཤད་གནང་བ་རེད། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་མཐའ་གཅིག་ཏུ་བསྟར་རྒྱུའི་བསྐྱར་བཤད་བྱས་པ་དང་ཕྱོགས་གཉིས་པོས་མཉམ་ལས་བྱེད་རིང་ཕྱོགས་གཉིས་པོའི་འགག་རྩའི་ཁེ་ཕན་ལ་ལྟ་རྟོག་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
          ཕྱོགས་གཉིས་པོས་ཀྲུང་ཧྥིན་འབྲེལ་བའི་ཐད་གྲུབ་པའི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཧུར་ཐག་བྱ་རྒྱུའི་མོས་མཐུན་གནང་བ་དང་རྒྱལ་ཁབ་རིམ་པའི་ཆབ་སྲིད་ཁྲིད་སྟོན་དང་ཕྱོགས་ཡོངས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་མཐོ་རིམ་དབར་ཕན་ཚུན་འཚམས་འདྲི་ཡང་ཡང་བྱེད་པ་དང་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། ཁྲིམས་འཛུགས་ལས་ཁུངས། ཁྲིམས་འཛིན་སྒྲིག་གཞི་བཅས་དང་དེ་བཞིན་རྒྱལ་ཁབ་གཉིས་པོའི་སྲིད་ཏང་དབར་གྱི་སྤེལ་རེས་མཉམ་ལས་བཅས་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་གནང་བ་རེད།
          ཕྱོགས་གཉིས་པོས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང"རྒྱུད་གཅིག་ལམ་གཅིག"གི་སྒྲོམ་གཞིའི་ནང་མཉམ་ལས་བྱ་རྒྱུར་གྲོས་བསྡུར་བྱས་ནས་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་དབར་ཕན་ཚུན་འབྲེལ་མཐུད་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་དང་། ཕྱོགས་གཉིས་པོས་ཕན་ཚུན་གྱི་མ་འཇོག་ཆུ་ཚད་མཐོ་རུ་གཏོང་བ་དང་ཕྱོགས་གཉིས་པོའི་ཚོང་དོན་དོ་སྙོམས་ངང་འཕར་རྒྱུར་སྐུལ་འདེད་བཏང་ནས་འཁོར་རྒྱུག་དཔལ་འབྱོར་དང་། ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཕྱོད། རྒྱུན་སྲིང་འཕེལ་རྒྱས། ཁོར་ཡུག་སྲུང་སྐྱོང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་བཅས་དང་ལྗང་མདོག་སྣོད་བཅུད་ཀྱི་རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་དང་། ཞིང་ལས་དང་ནགས་ལས། འགྲིམ་འགྲུལ་སྐྱེལ་འདྲེན། ཆ་འཕྲིན་འཕྲིན་གཏོང་ལག་རྩལ། གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་ཧྥིན་སྣོད་བཅུད་གླིང་མཉམ་སྐྲུན་ལས་ཀར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་བ་རེད།
          ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་བྱེད་སྟངས་དང་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་ནས་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་དང་ལྷག་པར་དུ་གཞོན་ནུའི་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་མཐུན་ཟབ་ཏུ་བཏང་སྟེ་ལུས་རྩལ་དང་། རིག་གནས། སློབ་གསོ། ཡུལ་སྐོར། ཁྲིམས་སྐྱོང་། སྤྱི་ཚོགས། དོམ་ཁྲ་མཉམ་ལས་ཞིབ་འཇུག་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་གོ་སྐབས་སུ་བྱས་ནས་དགུན་དུས་རྣམ་གྲངས་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་བྱེད་པའི་ཐད་མཉམ་ལས་བྱས་ཏེ་2019ལོ་དེ"ཀྲུང་ཧྥིན་དགུན་དུས་ལུས་རྩལ་ལོར"གཏན་འཁེལ་བྱ་རྒྱུའི་མོས་མཐུན་གནང་བ་རེད།
          ཕྱོགས་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་བས་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་གསར་གཏོད་དང་། སྒོ་དབྱེ། མཉམ་འགུལ། བསྟུན་མཁས་བཅས་ཀྱི་འཛམ་གླིང་དཔལ་འབྱོར་སྐྲུན་ཆེད་ཐུན་མོང་ཐོག་ལེགས་སྐྱེས་གསར་པ་འབུལ་བ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ཡག་པོ་བྱེད་པ། 2030ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། གནམ་གཤིས་འགྱུར་ལྡོག་གི་ཕྱོགས་མང་འཕེལ་རིམ་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས་བྱང་སྣེའི་ལས་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་གནང་བ་རེད།
          ཕྱོགས་གཉིས་པོས་ཀྲུང་ཧྥིན་གྱི་འབྱུང་འགྱུར་ལ་ཕྱོགས་པའི་མཉམ་ལས་རོགས་ཟླའི་འབྲེལ་བ་གསར་པ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཁ་གསབ་ཡིན་པའི་ངོས་འཛིན་གནང་བ་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་ཞི་བདེ་དང་། འཕར་བ། སྒྱུར་བཅོས། ཤེས་དཔལ་བཅས་རོགས་ཟླའི་འབྲེལ་བ་ཆེན་པོ་བཞི་འཛུགས་རྒྱུར་འབད་བརྩོན་བྱས་ནས་《ཀྲུང་གོ་དང་ཡོ་རོབ་མཉམ་ལས་ཀྱི་2020ལོའི་འཐབ་ཇུས་འཆར་འགོད་》དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ཡོ་རོབ་བྱང་མའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་བ་རེད།

༄༅།།ཞི་ཅིན་ཕིང་དང་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐུའོ་དབར་གྲོས་མོལ་གནང་བ།