མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཧྲེང་པི་ཏེ་པའོ་གྲོང་ཁྱེར་གྱི་ས་འོག་ལྕགས་ལམ་ལ་འབར་གས་བྱུང་ནས་མི་སྣ་ཤི་རྨས་ཚབས་
ཆེན་བྱུང་བར་ཞི་ཅིན་ཕིང་གིས་ཕུའུ་ཅིང་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་06ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་4ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཧྲེང་པི་ཏེ་པའོ་གྲོང་ཁྱེར་གྱི་ས་འོག་ལྕགས་ལམ་ལ་འབར་གས་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བར་ཕུའུ་ཅིང་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
          ཞི་ཅིན་ཕིང་གིས་ཧྲེང་པི་ཏེ་པའོ་གྲོང་ཁྱེར་གྱི་ས་འོག་ལྕགས་ལམ་ལ་འབར་གས་དོན་རྐྱེན་ཚབས་ཆེན་ཐོན་ནས་མི་སྣ་ཤི་རྨས་ཆེན་པོ་བྱུང་བར་ང་ཧང་སངས་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཁྲོ་ཟ་དགོས་པའི་འཇིགས་སྐུལ་འཇབ་རྒོལ་དེར་སྐྱོན་བརྗོད་ཆེན་པོ་བྱ་རྒྱུ་ཡིན། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུ་བ་དང་འབྲེལ་མི་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་མཁན་ཚོར་མྱ་ངན་ཞུ་རྒྱུ་མ་ཟད། ད་དུང་རྨས་མ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན། དཀའ་ཚེགས་ཆེ་བའི་དུས་འདིར་ཀྲུང་གོའི་མི་དམངས་ཨུ་རུ་སུའི་མི་དམངས་དང་མཉམ་དུ་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ཀྱི་བྱེད་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ་ཨུ་རུ་སུ་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འཇིགས་སྐུལ་ལ་ངོ་རྒོལ་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་དང་དེ་བཞིན་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།