མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཉེ་བའི་ལོ་ལྔ་ཡི་རིང་གི་ཞི་ཅིན་ཕིང་གི་དབུལ་སྐྱོར་ཞབས་རྗེས།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཉེ་བའི་ལོ་ལྔ་ཡི་རིང་གི་ཞི་ཅིན་ཕིང་གི་དབུལ་སྐྱོར་ཞབས་རྗེས།

         མི་དམངས་དྲ་བའི་འཕྲིན། ས་སེར་མཐོ་སྒང་ནས་གངས་ལྗོངས་ས་མཐོ་བར་དང་། ནུབ་བྱང་མཐའ་མཚམས་ནས་ཡུན་ཀུའེ་མཐོ་སྒང་བར། ཁོང་གིས་གངས་རླུང་འཚུབ་མ་དང་སྡེབ་ནས་ལམ་དུ་ཆས་ཏེ་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་དབུལ་ཕོངས་ས་ཁུལ་14རུ་ཕེབས་ཤིང་། དབུལ་ཕོངས་མང་ཚོགས་ཞལ་ནས་གསུངས་པ་མ་ཟད། ཐུགས་ལའང་བཅངས་ཡོད་པ་རེད།
          ཉེ་བའི་ལོ་ལྔའི་རིང་། རྒྱལ་ཁབ་ཕྱི་ནང་དུ་རྟོག་ཞིབ་གནང་བར་ཐེངས་30ལྷག་ཕེབས་པ་དང་། རྒྱུན་པར་དབུལ་སྐྱོར་གྱི་ཚིག་འདི་ཉིད་གླེང་བཞིན་ཡོད་ལ། གལ་ཆེའི་ཚོགས་རར་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ཐེངས་25ལས་བརྒལ་ཡོད་པ་རེད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྐྱོར་འབད་འཐབ་དེ་ཉིད་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་ཁ་ཕྱོགས་དང་རྩ་དོན་ལམ་ལུགས། འཕེལ་རྒྱས་ཀྱི་ལམ་བུ་བཅས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཏུ་བརྩིས་ནས་དབུལ་སྐྱོར་གསར་སྤེལ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་བའི་མ་མཐའི་དམིགས་འབེན་དུ་གྱུར་པ་རེད།
          【ཞི་ཅིན་ཕིང་གི་གསུངས།】 ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་མིན་གྱི་དཀའ་གནད་གཙོ་བོ་ནི་གྲོང་གསེབ་ཏུ་ཡོད་ལ། ལྷག་པར་དུ་དབུལ་ཕོངས་ས་ཁུལ་དུ་ཡོད་པ་རེད། གྲོང་གསེབ་འབྱོར་འབྲིང་དུ་གྱུར་མི་ཐུབ་པ་དང་། ཁྱད་པར་དུ་དབུལ་ཕོངས་ས་ཁུལ་འབྱོར་འབྲིང་དུ་སྒྱུར་མ་ཐུབ་ན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་མི་ཐུབ།
          2012ལོའི་ཟླ་12ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་ནས་ཉིན་40ཙམ་ལས་མ་འདས་པའི་དུས་ཀྱི་ཞི་ཅིན་ཕིང་གིས་གྲང་ངར་ལ་མ་འཛེམ་པར་ཧོ་པེ་ཞིང་ཆེན་ཧྥུ་ཕིང་རྫོང་དུ་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས།

【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】  【13】

༄༅།།ཉེ་བའི་ལོ་ལྔ་ཡི་རིང་གི་ཞི་ཅིན་ཕིང་གི་དབུལ་སྐྱོར་ཞབས་རྗེས།