མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལོ་སྟོད་དུ་རང་རྒྱལ་གྱི་GDPདུས་མཚུངས་ལས་6.9%འཕར་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་19ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ལོ་སྟོད་དུ་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་ཐུབ་ནས་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་མངོན་གསལ་དོད་པོ་ཡོད་པ་དང་། བརྟན་པོའི་ངང་འཕར་བ་དང་། ལས་ཞུགས་ཡག་པོ་ཐུབ་པ། ཟོག་གོང་བརྟན་པོ། ཡོང་འབབ་མང་དུ་འགྲོ་བ། གྲུབ་ཆ་ལེགས་སུ་འགྲོ་བ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྟན་པོའི་རང་བཞིན་དང་། མཐུན་སྦྱོར་རང་བཞིན། རྒྱུན་སྲིང་རང་བཞིན་བཅས་ཆེ་རུ་ཕྱིན་པའི་ཡོངས་བསྒྲགས་བྱས་པ་རེད།
          ཞིབ་རྩིས་རགས་ཙམ་བྱས་པར་གཞིགས་ན། ལོ་སྟོད་དུ་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་381490ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཚུངས་ལས་6.9%འཕར་ཡོད།
          ཐོན་སྐྱེད་ཀྱི་སྤྱི་ཡོངས་བརྟན་པོ་ཡོད་པ། ལོ་སྟོད་དུ་ཞིང་ལས་ཐོན་སྐྱེད་ཀྱི་དུས་བབ་ཡག་པོ་ཡོད་པ་དང་། དབྱར་འབྲུར་སླར་ཡང་ལོ་ལེགས་བྱུང་ནས་དུས་མཚུངས་ལས་0.9%འཕར་བ་རེད།
          མ་འཇོག་མགྱོགས་མྱུར་འཕར་བ། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད(ཞིང་དུད་ཚུད་མེད་པ)སྒོར་དུང་ཕྱུར་280605ཟིན་ནས་དུས་མཚུངས་ལས་8.6%འཕར་བ་རེད།
         འཛད་སྤྱོད་བྱེད་ཚད་འཕར་མྱུར་བ། ལོ་སྟོད་དུ་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་172369ཟིན་ནས་དུས་མཚུངས་ལས་10.4%འཕར་བ་རེད།