མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།འདི་ལོར་རང་རྒྱལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྣམ་གྲངས་ལས་འགོ་ཚུགས་
ཚད་90%ཟིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་02ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་31ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་དོན། ཟླ་བ་དྲུག་པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་2017ལོའི་ལོ་འཁོར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྣམ་གྲངས་12000ལྷག་ཙམ་ལས་འགོ་ཚུགས་པ་དང་རྣམ་གྲངས་ལས་འགོ་ཚུགས་ཚད་90%ཟིན་པ་དང་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས་དེ་དག་གཱ་དང་ཡིག་ཚགས་བཟོས་པའི་མི་འབོར་དབུལ་པོ་ཁྲི་280དང་འབྲེལ་བ་ཡོད། རིམ་རྩིས་བྱས་ན་རྣམ་གྲངས་2700ལྷག་ཙམ་ལས་མཇུག་འགྲིལ་བ་དང་ལས་མཇུག་འགྲིལ་ཚད་20%ཟིན་ཡོད་པ་རེད།
         རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་བ་དྲུག་པའི་ཟླ་མཇུག་བར། ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)22ཀྱིས་རིམ་རྩིས་བྱས་ན་2016ལོ་དང་2017ལོར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་གྲྭའི་རིགས་ཁག་གི་མ་དངུལ་སྒོར་དུང་ཕྱུར་2600ལྷག་ཙམ་དང་ལེན་བྱས་པའི་ནང་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་393.6དང་།  ས་གནས་སྲིད་གཞུང་གི་བུན་དངུལ་སྒོར་དུང་ཕྱུར་780 ཆེད་དོན་རྣམ་གྲངས་ཀྱི་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་440 ཀྲུང་དབྱང་ནོར་སྲིད་སྐྱེད་ཀའི་དངུལ་བུན་སྒོར་དུང་ཕྱུར་1000ལྷག་ཙམ་བཅས་བཏང་བས་ལས་གྲྭའི་འཛུགས་སྐྲུན་མ་དངུལ་གྱི་དགོས་མཁོ་འགན་ལེན་ནུས་ལྡན་བྱུང་ཡོད། དེ་དང་ཆབས་ཅིག་ས་གནས་ཁག་གིས“གནས་སྤོ་ནི་བྱེད་ཐབས་དང་དབུལ་སྒྲོལ་ནི་དམིགས་ཡུལ་ཡིན་པའི”འདུ་ཤེས་བརྟན་པོ་བཅངས་ཏེ་དུས་མཇུག་གི་རོགས་སྐྱོར་དེ་བས་གལ་འགངས་ཆེ་བའི་གནས་སུ་བཞག་ནས་རྗེས་མཐུད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་རེད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། འདི་ལོ་ཚུན་དུ་ས་གནས་ཁག་གིས་གཱ་དང་ཡིག་ཚགས་བཟོས་པའི་གནས་སྤོས་མི་འབོར་ཁྲི་110ལྷག་ཙམ་ལ་དབུལ་སྒྲོལ་རོགས་སྐྱོར་བྱེད་ཐབས་འཆར་འགོད་བྱས་པའམ་ཡང་ན་ལག་བསྟར་བྱས་པ་རེད།
        འགན་འཁུར་བ་དེས་གོམ་སྟབས་རྗེས་མར་འཕེལ་སྒྱུར་ཨུ་ལྷན་གྱིས་ས་གནས་ཁག་ལ་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་གཏོང་བའི་སྐུལ་འདེད་དང་ཁྲིད་སྟོན་བྱས་ནས་གནས་སྤོས་མང་ཚོགས་ཀྱི་རྗེས་མཐུད་དབུལ་སྒྲོལ་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་པ་དང་གནས་སྤོས་ཀྱི་སྤུས་ཚད་དང་དབུལ་སྒྲོལ་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ལོ་ཧྲིལ་པོར་མི་ཁྲི་340ཡི་གནས་སྤོས་འཛུགས་སྐྲུན་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་ནས་དུད་ཚང་གཅིག་གནས་སྤོ་བྱས་ཚེ་དེ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།