མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དམངས་སྲིད་པུས་རྒྱལ་ཡོངས་ཀྱི་ཁྲོམ་གཞུང་ཞབས་ཞུའི་དོ་དམ་གསར་གཏོད་ཚོད་ལྟ་ཁུལ་ཐོག་
མ་གཏན་འཁེལ་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་03ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

       མི་དམངས་དྲ་བའི་འཕྲིན། ཉེ་སྔོན། དམངས་སྲིད་པུས་རྒྱལ་ཡོངས་ཀྱི་ཁྲོམ་གཞུང་ཞབས་ཞུའི་དོ་དམ་གསར་གཏོད་ཚོད་ལྟ་ཁུལ་ཐོག་མ་དེ་གཏན་འཁེལ་བྱས་པ་རེད། ཚོད་ལྟ་ཁུལ་གཏན་འཁེལ་བྱས་པ་ལས་ས་གནས་ཁག་གིས་ཁྲོམ་གཞུང་ཞབས་ཞུའི་དོ་དམ་གསར་གཏོད་ལས་དོན་ཧུར་ཐག་སྤེལ་རྒྱུར་དཔྱད་གཞི་མཁོ་འདོན་ཐུབ་རྒྱུ་དང་རང་རྒྱལ་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་སྐུལ་འདེད་གཏོང་བའི་དེང་རབས་ཅན་ལ་ལམ་བུ་གསར་པ་འཚོལ་ཞིབ་ཐུབ་རྒྱུ་རེད། རྒྱལ་ཡོངས་ཀྱི་ཁྲོམ་གཞུང་ཞབས་ཞུའི་དོ་དམ་གསར་གཏོད་ཚོད་ལྟ་ཁུལ་ཐོག་མ་དེ་ཅང་སུའུ་ཞིང་ཆེན་ནན་ཅིང་ཅང་ཉིང་ཆུས་དང་། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཤིང་ཆུས། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་བཅས་རེད།
       ནན་ཅིང་གྲོང་ཁྱེར་ཅང་ཉིང་ཆུས་ཀྱིས་ངེས་གནས་གནད་ལ་འཕིགས་པ་དང་། བཅོས་སྒྲིག་ཞིབ་ཚགས། ཞབས་ཞུ་འཐུས་ཚང་བཅས་ཕྱོགས་གསུམ་ཐད་ནས་འགོ་བཙུགས་ཏེ་ཁྲོམ་གཞུང་གི་དཔལ་འབྱོར་འགན་ནུས་ཞན་དུ་གཏོང་བ་དང་། ཁྲིམས་འཛིན་དབང་ཆ་གཤམ་སྤྲོད་ལ་སྐུལ་འདེད་གཏོང་བ། སྡེ་ཁུལ་ལས་བཟོའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བཅས་བྱས་ནས“དོ་སྙོམས་ཞབས་ཞུའི”མ་ལག་འཛུགས་པ་སོགས་ཁྲོམ་གཞུང་གི་སྤྱི་ཚོགས་བཅོས་སྐྱོང་ལམ་སྲོལ་གསར་པ་འཛུགས་རྒྱུ་རེད། ཧུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཤིང་ཆུས་ཀྱིས་ཁྲོམ་གཞུང་བཅོས་སྒྲིག་འགན་ནུས་ཆེ་རུ་བཏང་བའི་ཁར་ཁྲོམ་གཞུང་སྤྱི་ཚོགས་ལས་དོན་ཨུ་ལྷན་དང་ཁྲོམ་གཞུང་ཞབས་ཞུའི་དོ་དམ་གྲོས་མོལ་ཨུ་ལྷན་བཙུགས་ནས“ལྟེ་གནས་བཞི”བཏོད་དེ་ཕྱོགས་མང་པོ་ཞུགས་ཐུབ་པ་བྱ་རྒྱུ་རེད། ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་ཀྱིས་ཁྲོམ་གཞུང་འགན་ནུས་གཞན་སྒྱུར་དང་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་སྐར་ཁུང་ལེགས་སུ་གཏོང་བ་དང་། རྩིས་ཐོ་ལྔ་གསལ་བཟོ། གྲོས་མོལ་ལམ་སྲོལ་གསར་གཏོད་བཅས་བྱས་ནས“འགན་དབང་འདྲ་མཚུངས་དང་ཞབས་ཞུ་ཞིབ་ཚགས”ཀྱི་ཁྲོམ་གཞུང་ཞབས་ཞུའི་དོ་དམ་འཁོར་རྒྱུག་ལམ་སྲོལ་ཆགས་པ་བྱ་རྒྱུ་རེད།