མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་སླར་ཡང་སྒོར་དུང་ཕྱུར་10.1བཏང་ནས་འབྲུབ་འགོག་ཐན་
འགོག་དང་གེགས་སེལ་ལས་ཀར་རྒྱབ་སྐྱོར་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་03ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། འབྲུབ་འགོག་ཐན་འགོག་དང་ཞིང་ལས་ཐོན་སྐྱེད་གེགས་སེལ་གྱི་གནས་ཚུལ་གསར་པ་དང་བླང་བྱ་གསར་པ་གཞིར་བཟུང་། ཟླ་7ཚེས་31ཉིན་ཀྲུང་དབྱང་ནོར་སྲིད་ཀྱིས་སླར་ཡང་ཞིང་ལས་ཐོན་སྐྱེད་གེགས་སེལ་དང་འབྲུབ་འགོག་ཐན་འགོག་གི་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་10.1བཏང་བ་དེའི་ནང་འབྲུབ་འགོག་ཐན་འགོག་ལ་མ་དངུལ་སྒོར་དུང་ཕྱུར་6.1དང་ཞིང་ལས་ཐོན་སྐྱེད་གེགས་སེལ་ལ་མ་དངུལ་སྒོར་དུང་ཕྱུར་4བཏང་བ་རེད།
          འདི་ལོའི་ཟླ་6པ་ནས་བཟུང་རང་རྒྱལ་གྱི་ལྷོ་བྱང་ཕྱོགས་སུ་ཆུ་ལོག་དང་ཞོད་སྐྱོན་དང་ཐན་སྐྱོན་ཡང་ཡང་ཐོན་ནས་ས་ཁུལ་ཁག་གཅིག་ཏུ་གནོད་འཚེ་ཚབས་ཆེན་ཕོག་པ་རེད། ས་གནས་ཁག་གིས་འབྲུབ་འགོག་ཐན་འགོག་དང་ཞིང་ལས་ཐོན་སྐྱེད་གེགས་སེལ་ལས་དོན་ཡག་པོ་སྤེལ་རྒྱུར་རྒྱབ་སྐྱོར་བྱ་ཆེད། དེ་གོང་ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་ལས་ཐོན་སྐྱེད་གེགས་སེལ་དང་འབྲུབ་འགོག་ཐན་འགོག་གི་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་13.25བཏང་བ་རེད། གོམ་སྟབས་རྗེས་མར་ཀྲུང་དབྱང་ནོར་སྲིད་ཀྱིས་མུ་མཐུད་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གེགས་བར་གནས་ཚུལ་གྱི་འགྱུར་ལྡོག་ལ་དོ་ཁུར་བྱ་རྒྱུ་དང་ས་གནས་ཀྱི་གེགས་སེལ་ལས་དོན་གྱི་རྗེས་སྙེགས་མཛུབ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དང་འབྲེལ་གེགས་བར་གནས་ཚུལ་ལ་གཞིགས་ནས་གེགས་སེལ་མ་དངུལ་དུས་ཐོག་ཏུ་སྤྲད་དེ་གེགས་སེལ་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་རེད།