མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མི་དམངས་ཉིན་རེའི་ཚགས་པར་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་བསུ་བའི་དམིགས་བསལ་
གནས་འཕྲིན་སྤེལ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་07ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།མི་དམངས་ཉིན་རེའི་ཚགས་པར་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་བསུ་བའི་དམིགས་བསལ་
གནས་འཕྲིན་སྤེལ་རྒྱུ་ཡིན་པ།

            མི་དམངས་དྲ་བའི་འཕྲིན། དུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། ལོ་ལྔ་ཡི་ཡུན་ཚད་ནི་སྐད་ཅིག་ཙམ་རེད། འོན་ཀྱང་། ལོ་རྒྱུས་ཀྱི་དེབ་ཐེར་འབྲི་མཁན་ཞིག་ལ་མཚོན་ན། སྤོབས་པ་དང་འགན་འཁྲི་ནི་སྔར་བས་ལྗིད་ལ། བསམ་བློ་དང་ལག་ལེན་ལ་འགྱུར་བ་མེད་སྟབས། དུས་རབས་ཀྱི་འཕེལ་རིམ་ཁྲོད་དུ་ཤུལ་རྗེས་ཟབ་མོ་ཞིག་བཞག་ཡོད་པ་རེད།
            དཀའ་ངལ་བརྒྱུད་ནས་འགྱུར་མེད་ཀྱི་སེམས་པ་ངོམ། སྒྱུར་བཅོས་བྱས་ནས་ལོ་རྒྱུས་ཀྱི་གཟི་དཔལ་བསྐྲུན། "ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔ་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་བྱུང་རིམ་ཁྲོད་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་རེད།" "7.26"གི་གལ་ཆེའི་གསུང་བཤད་ཁྲོད་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས"སྤྱིར་བཏང་གཏན་ནས་མིན་པ"ཞེས་པའི་ཡིག་འབྲུའི་ཐོག་ནས་ལོ་ལྔའི་རིང་གི་འཕེལ་རིམ་ལ་གདེང་འཇོག་གནང་བ་རེད། སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་པོ་དེའི་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་ཡུན་རིང་པོ་ཞིག་ལ་ཐག་གཅོད་མ་ཐུབ་པའི་གནད་དོན་མང་པོ་ཞིག་ཐག་གཅོད་བྱས་ཡོད་ལ། འདས་པའི་ལོ་ཟླའི་ནང་བསྒྲུབ་ཐུབ་མེད་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་ཐུབ་པར་གྱུར་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། ལོ་ལྔ་པོ་དེའི་ནང་མངོན་འགྱུར་བྱུང་བའི་འགྱུར་ལྡོག་ལ་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་གདེང་འཇོག་ཅི་འདྲ་ཞིག་བྱས་ཀྱང་ཆོག་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་མངོན་གསལ་དུ་གྱུར་བཞིན་ཡོད་པ་རེད།
          གྲུབ་འབྲས་ལས་མིའི་འབད་སེམས་འཕེལ་བར་བྱེད་ལ། འགྱུར་ལྡོག་གིས་མིའི་སྤྲོ་སེམས་རྒྱས་པར་བྱེད། དེ་རིང་ནས་བཟུང་། ངེད་ཚགས་པར་ཁང་གིས"དཀའ་སྤྱད་འབད་འཐབ་ཀྱི་ལོ་ལྔ"ཞེས་པའི་ཆེད་བསྒྲིགས་སུ"ཏང་གི་ཚོགས་ཆེན་བཅུ་དགུ་པ་་བསུ་བའི་དམིགས་བསལ་གནས་འཕྲིན"སྤེལ་ཏེ་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ཀྱི་སློབ་སྟོན་འོག  ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། ལྟེ་བའི་འདུ་ཤེས།  མིག་ལྟོས་ཀྱི་འདུ་ཤེས་བཅས་མུ་མཐུད་ཇེ་ཆེར་གཏོང་རྒྱུ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་ཀྱི་བཀོད་པ་གལ་ཆེན་གསོན་ཉམས་ལྡན་པར་ལག་ལེན་དང་གྲུབ་འབྲས་སྤྱིར་བཏང་མིན་པ་ཐོབ་ཚུལ་ཁྱོན་ཡོངས་ནས་མཚོན་པ་རེད། དམིགས་བསལ་ཆེད་བསྒྲིགས་སུ་ཉིན་རེར་པར་ངོས་བརྒྱད་རེའི་རྣམ་པའི་ཐོག་ནས་དཀའ་སྤྱད་འབད་འཐབ་ཀྱི་ལོ་ལྔའི་འཕེལ་རིམ་ཞིབ་འགོད་དང་། བརྗིད་ཆགས་ཉམས་དང་ལྡན་པའི་དུས་རབས་ཀྱི་རྒྱབ་ལྗོངས་ངོམ་སྟོན། མི་སྣ་དང་དོན་དག སྙིང་སྟོབས་བཅས་འགོད་ཅི་ཐུབ་བྱས་ཏེ་མི་དམངས་ལ་སྙིང་སྟོབས་ཀྱི་རྣམ་པ་གསར་པ་དང་འབད་བརྩོན་གྱི་སེམས་ཤུགས་གསར་པ་འཕེལ་བར་བྱེད་པའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པའི་སྔུན་བསུ་བྱེད་པ་རེད།