མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱིས་ཟླ་དགུ་ཡི་རིང་ལ་མི་ཁྲི་33.8ལ་ཆད་པ་བཅད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་29ཉིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལྟ་ཞིབ་དྲ་ཚིགས་སུ་སྤེལ་བའི་གནས་འཕྲིན་ལྟར་ན། 2017ལོའི་ཟླ་དང་པོ་ནས་དགུ་པ་བར། རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་བསྡོམས་ཡིག་སྐུར་ངོ་བཅར་གྱོད་དོན་ཁྲི་202.5དང་ལེན་བྱས་ཤིང་། གནད་དོན་གྱི་ཁུངས་སྣེའི་གྱོད་དོན་ཁྲི་83.3ཐག་གཅོད་བྱས་པ། གྱོད་དོན་ཁྲི་18.3ལ་ཡིག་སྐུར་འདྲི་རྩད་བྱས་པ། གྱོད་དོན་ཁྲི་38.3གྱོད་ཁོངས་སུ་བཅུག་པ། མི་ཁྲི་33.8(མི་ཁྲི་28.3ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་)ལ་ཆད་པ་བཅད་ཡོད་པ་རེད། ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་ལས་བྱེད་པ་མི་གྲངས་56ལ་ཆད་པ་བཅད་པ། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་2300ཙམ་ལ་ཆད་པ་བཅད་པ། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་མི་ཁྲི་1.4ལ་ཆད་པ་བཅད་པ། ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་མི་ཁྲི་5.1ལ་ཆད་པ་བཅད་པ། ལས་བྱེད་དཀྱུས་མ་མི་ཁྲི་6.3ལ་ཆད་པ་བཅད་པ། གྲོང་གསེབ་དང་ཁེ་ལས་སོགས་ཀྱི་མི་སྣ་གཞན་པ་མི་ཁྲི་20.8ལ་ཆད་པ་བཅད་པ་རེད།