མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་དང་པོའི་སྐོར་གཟིགས་ཚོགས་ཆུང་ཚང་མ་བཅའ་
སྡོད་བྱས་ཟིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་26ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་24ཉིན་གྱི་སྔ་དྲོ་བར་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་དང་པོའི་སྐོར་གཟིགས་ཚོགས་ཆུང་15དཔྱིད་གསར་དུས་ཆེན་རྗེས་ཀྱི་ཉིན་3ནང་ས་ཁུལ་དང་ཚན་པ་30ཡི་ཏང་རྩ་འཛུགས་སུ་བཅའ་སྡོད་ཀྱི་ལས་དོན་ལེགས་གྲུབ་ཟིན་ནས་ཚོགས་ཆེན་བཅུ་དགུ་པའི་རྗེས་ཀྱི་རེས་སྐོར་དང་པོའི་ཀྲུང་དབྱང་གི་སྐོར་གཟིགས་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས་པ་རེད།
         ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་དང་པོའི་སྐོར་གཟིགས་ཚོགས་ཆུང་གིས་ཧོ་པེ་དང་། ཧྲན་ཤིས། ལེའོ་ཉིང་། ཧེ་ལུང་ཅང་། ཅང་སུའུ། ཕུའུ་ཅན། ཧྲན་ཏུང་། ཧོ་ནན། ཧུའུ་ནན། ཀོང་ཏུང་། ཧའེ་ནན། སི་ཁྲོན། ཀུའེ་ཀྲོའུ། ཉིང་ཞ། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ། ཚོང་དོན་པུའུ། རིག་གནས་པུའུ། འགག་སྒོ་སྤྱི་ཁྱབ་ཧྲུའུ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས། རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་བསྡོམས་རྩིས་ཅུས། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་ཧྭ་གློག་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་རྒྱང་རིང་རྒྱ་མཚོ་མཚོ་ཐོག་སྐྱེལ་འདྲེན་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་འབྲུ་རིགས་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་སྤྱི་སྤྱོད་ལག་རྩལ་(ཚོགས་པ)མ་རྐང་ཚོད་འཛིན་ཚད་ཡོད་འགན་འཁྲི་ཀུང་སི། ཀྲུང་གོ་འབྲུ་རིགས་གྲབས་གསོག་དོ་དམ་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་ཡུལ་སྐོར་ཚོགས་པ་ཀུང་སི། ཀྲུང་གོ་སྦྲག་སྲིད་ཚོགས་པ་ཀུང་སི་སོགས་ས་ཁུལ་དང་ཚན་པ་30ཡི་ཏང་རྩ་འཛུགས་སུ་རྒྱུན་གཏན་གྱི་སྐོར་གཟིགས་བྱ་རྒྱུ་རེད། 《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་གཟིགས་ལས་དོན་གྱི་སྲོལ་ཡིག་》གི་གཏན་འབེབས་གཞིར་བཟུང་། རེས་སྐོར་དང་པོའི་སྐོར་གཟིགས་བྱ་ཡུལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་འབྲེལ་བ་ཡོད་པའི་ཧྲེན་དབྱང་དང་། ཏ་ལན། ཧའར་པིང་། ནན་ཅིང་། ཞ་མོན། ཅི་ནན། ཆིང་ཏའོ། ཀོང་ཀྲོའུ། ཧྲེན་ཀྲེན། ཁྲེང་ཏུའུ་སོགས་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་ཏང་ཨུད་10དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། སྲིད་གཞུང་། སྲིད་གྲོས་བཅས་ཏང་ཙུའི་འགན་འཁུར་བ་གཙོ་བོ་མཉམ་དུ་སྐོར་གཟིགས་ཁྱབ་ཁོངས་སུ་བཅུག་ཡོད་པ་རེད།
         སྐོར་གཟིགས་བྱ་ཡུལ་ས་ཁུལ་དང་ཚན་པས་སྐོར་གཟིགས་བཅའ་སྡོད་ཀྱི་སྐུལ་སློང་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་ཙུའུ་ཀྲང་གིས་སྤེལ་ཉེར་ཡོད་པའི་སྐོར་གཟིགས་ལས་དོན་ལ་བླང་བྱ་བཏོན་གནང་བ། སྐོར་གཟིགས་བྱ་ཡུལ་ས་ཁུལ་དང་ཚན་པའི་ཏང་རྩ་འཛུགས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་རྣམ་འགྱུར་སྟོན་པའི་གཏམ་བཤད་སྤེལ་བ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དབྱང་ཞའོ་ཏུའུ་དང་ཁྲེན་ཤིས་རྣམ་གཉིས་དང་ཀྲུང་དབྱང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་ཁོངས་མི་སྐོར་གཟིགས་ཚོགས་ཆུང་ཁག་གཅིག་གི་བཅའ་སྡོད་སྐུལ་སློང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དེ་ཐོག་ནས་ཀྲུང་དབྱང་སྐོར་གཟིགས་ཀྱི་དབང་གྲགས་རང་བཞིན་གང་ལེགས་མངོན་ཡོད་པ་རེད།
         བླང་བྱ་གཞིར་བཟུང་། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་ཆབ་སྲིད་སྐོར་གཟིགས་ཀྱི་ཚུགས་གནས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “འདུ་ཤེས་བཞི”ཆབ་སྲིད་ཀྱི་ཚད་ཤིང་ལ་བརྩིས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། འགག་རྩ་ཉུང་ཤས་ལ་དམ་པོར་དམིགས་པ། ཆབ་སྲིད་ཀྱི་ཧེ་བག་འཚོལ་ཞིབ་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་རྩ་བའི་ཆབ་སྲིད་ཀྱི་ལས་འགན་ལ་བརྩིས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་པ་སོགས་ཀྱི་ཐད་ལ་དམིགས་ཏེ། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གྱི་གནས་ཚུལ་དང་། ཏང་གི་སྒྲིག་ཡིག་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་གནས་ཚུལ། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་གྱི་གནས་ཚུལ། མི་འདེམས་མི་སྤྱོད་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་གནས་ཚུལ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དང“སྤྱོད་ཚུལ་བཞི”དག་ཐེར་གྱི་གནས་ཚུལ། ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་ལག་བསྟར་གྱི་གནས་ཚུལ། འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་རང་འདོམས་དང་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གནད་དོན་དག་ཐེར་གྱི་གནས་ཚུལ། དེ་བཞིན་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་གི་སྐོར་གཟིགས་དག་ཐེར་དོན་འཁྱོལ་སོགས་ཀྱི་གནས་ཚུལ་བཅས་ལ་ཞིབ་བཤེར་གཏིང་ཟབ་བྱ་རྒྱུ་ཡིན་པ་དང་། སྐོར་གཟིགས་ལྟ་སྐུལ་བྱས་པ་བརྒྱུད་གནད་དོན་ཤེས་རྟོགས་ཐུབ་ན་འཇིགས་སྣང་སྐྱེད་དུ་འཇུག་པ་དང་། སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ། རྩ་ལག་མཉམ་བཅོས་ཀྱི་འཐབ་ཇུས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་ཆེད་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད།