མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།2020ལོར་སླེབས་སྐབས་རང་རྒྱལ་གྱིས་རེས་འདེབས་དང་དབྱར་མར་འཇོག་པའི་ས་ཞིང་
རྒྱ་ཁྱོན་མུའུ་ཁྲི་5000ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་26ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཞིང་ལས་པུས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་འདི་ལོར་རེས་འདེབས་དང་ས་ཞིང་དབྱར་མར་འཇོག་པའི་ཚོད་ལྟའི་གཞི་ཁྱོན་ཆེ་རུ་བཏང་ནས་2018ལོར་ཚོད་ལྟའི་གཞི་ཁྱོན་ལོ་གོང་མ་ལས་ལྡབ་གཅིག་འཕར་བ་བྱ་རྒྱུ་དང་། དེ་ནས་ལོ་ལྟར་བསྡུར་ཚད་ངེས་ཅན་གྱིས་མང་དུ་བཏང་སྟེ། 2020ལོར་སླེབས་སྐབས་རང་རྒྱལ་གྱི་རེས་འདེབས་དང་དབྱར་མར་འཇོག་པའི་ས་ཞིང་རྒྱ་ཁྱོན་མུའུ་ཁྲི་5000ཟིན་པའི་བརྩོན་ལེན་བྱ་རྒྱུ་རེད། འདི་ལོར་རང་རྒྱལ་གྱིས་ས་ཞིང་དབྱར་མར་འཇོག་པའི་ཚོད་ལྟའི་གཞི་ཁྱོན་མུ་མཐུད་ཆེ་རུ་གཏོང་བ་ཕུད། ད་དུང་ཚོད་ལྟའི་ཁུལ་རྒྱ་བསྐྱེད་བྱ་རྒྱུ་རེད། ས་ཞིང་དབྱར་མར་འཇོག་པ་དང་རེས་འདེབས་བྱ་རྒྱུ་དེ་བྱང་ཤར་ཁུལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་རྨང་གཞིའི་ཐོག་འབྲི་ཆུའི་རྒྱུད་ཀྱི་ཅང་སུའུ་དང་ཅང་ཤིས་ཞིང་ཆེན་གཉིས་ཀྱི་གྲོ་དང་འབྲས་ཀྱི་སྤུས་ཚད་དམའ་ཞིང་ཐོན་འབབ་ཆུང་བའི་ཁུལ་ཡང་གསར་སྣོན་བྱ་རྒྱུ་དང་། ས་ཞིང་དབྱར་མར་འཇོག་པ་དང་རེས་འདེབས་བྱ་རྒྱུ་དེ་ས་འོག་ཆུ་སིམ་པའི་ཁུལ་དང་། ལྕི་བའི་ལྕགས་རིགས་སྦགས་བཙོག་ཁུལ། སྣོད་བཅུད་ཉམས་རྒུད་ཆེ་བའི་ཁུལ་གྱི་རྨང་གཞིའི་ཐོག་ཤིན་ཅང་གི་ཐ་ལི་མུ་གཙང་པོའི་རྒྱུག་ཁུལ་གྱི་ས་འོག་ཆུ་འཐེན་ཤུགས་ཆེ་བའི་ཁུལ་དང་། ཧེ་ལུང་ཅང་གི་ས་འཁྱག་ཁྲོན་ཆུ་གཏོང་བའི་འབྲས་ཞིང་གི་ས་འོག་ཆུ་འཐེན་ཤུགས་ཆེ་བའི་ཁུལ་ཡང་ཚོད་ལྟའི་ཁྱབ་ཁོངས་སུ་འཇུག་རྒྱུ་རེད།
           རེས་འདེབས་གཙོ་བོ་དང་དབྱར་མར་འཇོག་རྒྱུ་རམ་འདེགས་སུ་བྱས་ཏེ་རང་རྒྱལ་གྱིས་ས་ཞིང་དབྱར་མར་འཇོག་པ་དང་རེས་འདེབས་བྱ་རྒྱུའི་ལམ་ལུགས་ཁྱབ་གདལ་གཏོང་བའི་ཚོད་ལྟ་དེ་2016ལོའི་མུའུ་ཁྲི་616ནས་2017ལོའི་མུའུ་ཁྲི་1200བར་མང་དུ་བཏང་སྟེ་དཔལ་འབྱོར་དང་སྣོད་བཅུད་ཀྱི“ཕན་འབྲས་གཉིས”མཉམ་ཐོན་གྱི་ནུས་པ་མངོན་གསལ་དོད་པོ་བྱུང་ཡོད།