མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྡེ་ཚན་བཅུ་གཅིག་གིས་མཉམ་འབྲེལ་ཐོག་ཚེ་སྲོག་གི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་
བརྡ་ཆ་རྫུས་མ་བཅོས་སྒྲིག་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་28ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་26ཉིན་བཟོ་ཚོང་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་བཅུ་གཅིག་གིས་《རྫུས་མ་དང་ཁྲིམས་འགལ་གྱི་བརྡ་ཆ་བཅོས་སྒྲིག་གི་པུའུ་དབར་གྱི་མཉམ་ཞུགས་ཚོགས་འདུའི་2018ལོའི་ལས་ཀའི་གཙོ་གནད་》པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས་རྫུས་མ་དང་ཁྲིམས་འགལ་གྱི་བརྡ་ཆ་བཅོས་སྒྲིག་བྱ་ཤུགས་ཆེ་རུ་བཏང་སྟེ་སྨན་བཅོས་དང་། སྨན་རྫས། བཟའ་བཅའ། འཕྲོད་སྦྱོར་བཟའ་བཅའ། ཚོང་འགུགས། དངུལ་རྩའི་མ་འཇོག ཉར་ཚགས་དངོས་རྫས་སོགས་ཁྱབ་ཁོངས་གཙོ་བོ་དང་། གྲོང་གསེབ། གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མདོ་སོགས་ས་ཁུལ་གཙོ་བོའི་མི་དམངས་མང་ཚོགས་ཀྱི་གཟུགས་ཁམས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད་པའི་རྫུས་མ་དང་ཁྲིམས་འགལ་གྱི་བརྡ་ཆར་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         ད་རེས་ཀྱི་《རྫུས་མ་དང་ཁྲིམས་འགལ་གྱི་བརྡ་ཆ་བཅོས་སྒྲིག་གི་པུའུ་དབར་གྱི་མཉམ་ཞུགས་ཚོགས་འདུའི་2018ལོའི་ལས་ཀའི་གཙོ་གནད་》དེ་བཟོ་ཚོང་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་། བཟོ་འཕྲིན་པུའུ། སྤྱི་བདེ་པུའུ། རྒྱལ་ཁབ་འཆར་བཙའ་ཨུ་ལྷན། མི་དམངས་དངུལ་ཁང་། གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། དངུལ་ཁང་ལྟ་སྐུལ་ཨུ་ལྷན། ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་སོགས་སྡེ་ཚན་བཅུ་གཅིག་གིས་མཉམ་འབྲེལ་ཐོག་བཟོས་པ་ཞིག་རེད། དེའི་ནང་ལྟ་སྐུལ་དོ་དམ་སྡེ་ཚན་ཁག་གི་འགན་འཁྲི་ཁ་གསལ་བཟོས་ཡོད་པ་མ་ཟད། ད་དུང་ལྟ་སྐུལ་དོ་དམ་དང་མཉམ་འབྲེལ་ཐོག་བྱ་དགའ་ཆད་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གྱོད་གཞི་གཙོ་བོའི་མཐུན་སྦྱོར་བཀོད་འདོམས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་སྒོ་བྱང་བཀལ་ནས་སྒྲུབ་སྐུལ་བྱ་ཤུགས་ཆེ་རུ་བཏང་སྟེ་ཁྲིད་སྟོན་རང་བཞིན་གྱི་གྱོད་གཞི་དང་ཁྲིམས་འགལ་གྱི་བརྡ་ཆའི་གྱོད་གཞི་གལ་ཆེན་གཅིག་གྱུར་ཐོག་སྒྲུབ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རེད།
         བརྡ་ཐོའི་ནང་བརྡ་ཆའི་ཁྲིད་སྟོན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཐོག་ནས་རྩ་འཛུགས་ཀྱི་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ་བརྡ་ཆའི་ཁྲིད་སྟོན་ལྟ་སྐུལ་དོ་དམ་གྱི་འགོ་ཁྲིད་ཀྱི་མཐུན་སྦྱོར་དང་འཕྲལ་སྡོམ་ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པའི་ནན་བཤད་བྱས་པ་དང་སྦྲགས་དྲ་སྦྲེལ་གྱི་བརྡ་ཆ་ལྟ་སྐུལ་དོ་དམ་གྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་དྲ་སྦྲེལ་གྱི་བརྡ་ཆ་ཆེད་དོན་བཅོས་སྒྲིག་ལས་དོན་བཀོད་སྒྲིག་བྱས་ཡོད། དྲ་སྦྲེལ་གྱི་རྫུས་མ་དང་ཁྲིམས་འགལ་གྱི་བརྡ་ཆའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་དྲ་སྦྲེལ་བརྡ་ཆའི་དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཟིལ་ཤུགས་ཆེན་པོ་ཆགས་པ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།