མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་2018ལོའི་ལས་ཀའི་གཙོ་གནད་ཆེན་པོ་བཅུ་བཏོན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་01ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཉེ་དུས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་2018ལོའི་ལས་ཀའི་གཙོ་གནད་སྐོར་བརྡ་ཐོ་བཀྲམ་ཞིང་། ས་གནས་དང་སྡེ་ཚན་ཁག་གིས་ལས་ཀའི་གཙོ་གནད་ཆེན་པོ་བཅུ་དམ་འཛིན་ཡག་པོ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་ཀའི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་ལས་འཛོལ་ཐོན་ནས་འཆི་བའི་མི་གྲངས་དང་། ལས་འཛོལ་ཅུང་ཆེན་པོ། དམིགས་བསལ་ཚབས་ཆེན་ལས་འཛོལ་བཅས་ཐོན་རྒྱུ་སྔར་བས་ཉུང་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
         ལས་ཀའི་གཙོ་གནད་ཆེན་པོ་བཅུ་གཤམ་གསལ་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱ་རྒྱུ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། བདེ་འཇགས་ལྟ་སྡོམ་གྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་རྒྱུ། གྲོང་ཁྱེར་གྱི་བདེ་འཇགས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། ཞིང་ལས་དང་གྲོང་གསེབ་ཀྱི་བདེ་འཇགས་ལྟ་སྡོམ་ལ་ཤུགས་སྣོན་རྒྱག་རྒྱུ། ཉེན་ཡོད་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྒྲིག་བྱེད་ཟབ་ཏུ་གཏོང་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་གསོ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་རྒྱུ། བདེ་འཇགས་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། བདེ་འཇགས་ལྟ་སྡོམ་ལྟ་ཞིབ་དཔུང་ཁག་གི་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་སོ།