མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ཀྲང་ཅུན་གྱི་ལོ་རྒྱུས་མདོར་བསྡུས།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་19ཉིན། 11:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ཀྲང་ཅུན་གྱི་ལོ་རྒྱུས་མདོར་བསྡུས།

        ཀྲང་ཅུན། ཕོ། རྒྱ་རིགས། 1956ལོའི་ཟླ་10པར་འཁྲུངས། ཧྲན་ཏུང་པོ་ཤིང་ནས་ཡིན་པ། 1973ལོའི་ཟླ་དང་པོར་ལས་ཀར་ཞུགས། 1974ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་གོ་མི་དམངས་སློབ་ཆེན་བཅའ་ཁྲིམས་ཚན་ཁག་ཉེས་ཁྲིམས་ཆེད་ལས་ཐོན་ནས་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། བཅའ་ཁྲིམས་འབུམ་རམས་པའི་སློབ་གནས་ཐོབ།
      ད་ལྟ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་དང་ཏང་ཙུའི་ཧྲུའུ་ཅིའི་འགན་བཞེས་བཞིན་ཡོད།
      1973ལོ་ནས་1975ལོ་བར་ཅི་ལིན་ཞིང་ཆེན་ནུང་ཨན་རྫོང་ཧོ་ལུང་ཀུང་ཧྲེའི་གཞོན་ནུ་ཤེས་ཡོན་ཅན་དང་ཀྲུའུ་ཅ་ཡོན་ཙི་རུ་ཆེན་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གནང་།
      1975ལོ་ནས་1978ལོ་བར་གུང་གཞོན་སྡེ་ཚོགས་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་བྱེད་པ་གནང་།
      1978ལོ་ནས་1982ལོ་བར་ཅི་ལིན་སློབ་ཆེན་བཅའ་ཁྲིམས་ཚན་ཁག་ཏུ་བཅའ་ཁྲིམས་ཆེད་ལས་སློབ་སྦྱོང་གནང་།
      1982ལོ་ནས་1985ལོ་བར་ཀྲུང་གོ་མི་དམངས་སློབ་ཆེན་བཅའ་ཁྲིམས་ཚན་ཁག་ཏུ་ཉེས་ཁྲིམས་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་གནང་།
      1985ལོ་ནས་1995ལོ་བར་ཆེས་མཐོའི་མི་དམངས་ཁྲིམས་ཁང་ཞིབ་འཇུག་ཁང་གི་ཕྱོགས་བསྡུས་ཁྲུའུ་དང་ཉེས་དོན་ཁྲུའི་ཟིན་བྲིས་པ་དང་། ཉེས་དོན་ཁྲུའི་ཁྲུའུ་ཀྲང་གཞོན་པ་དང་། འདྲི་གཅོད་པའི་ལས་རོགས། ཁྲུའུ་ཀྲང་། འདྲི་གཅོད་པ་བཅས་གནང་། (དེའི་རིང་1990ལོ་ནས་1991ལོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཡན་ལག་སློབ་གྲྭར་སློབ་སྦྱོང་གནང་། 1991ལོ་ནས་1992ལོ་བར་གནས་སྦྱར་ངང་པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆུས་མི་དམངས་ཁྲིམས་ཁང་དཔལ་འབྱོར་ཉེས་གསོག་འདྲི་གཅོད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་གནང་།)
      1995ལོ་ནས་1998ལོ་བར་ཆེས་མཐོའི་མི་དམངས་ཁྲིམས་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་གནང་།
      1998ལོ་ནས་2000ལོ་བར་ཆེས་མཐོའི་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཉེས་དོན་ཁྲིམས་ར་དང་པོའི་དིང་ཀྲང་གནང་།
      2000ལོ་ནས་2001ལོ་བར་ཆེས་མཐོའི་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཉེས་དོན་ཁྲིམས་ར་གཉིས་པའི་དིང་ཀྲང་གནང་།
      (2000ལོ་ནས་2001ལོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་ཀྱི་གཞོན་ནུ་དང་དར་མ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་།)
      2001ལོ་ནས་2003ལོ་བར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དང་། ཏང་ཙུའི་ཁོངས་མི། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་གནང་།
      (2001ལོ་ནས་2002ལོ་བར་གནས་སྦྱར་ངང་པེ་ཅིང་གྲོང་ཁྱེར་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་གནང་།)
     2003ལོ་ནས་2005ལོ་བར་ཁྲིམས་འཛིན་པུའི་པུའུ་ཀྲང་གཞོན་པ་དང་ཏང་ཙུའི་ཁོངས་མི་གནང་།
     2005ལོ་ནས་2008ལོ་བར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དང་། ཏང་ཙུའི་ཁོངས་མི། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་གནང་།
     (2004ལོ་ནས་2006ལོ་བར་ཝུའུ་ཧན་སློབ་ཆེན་ཁྲིམས་རིག་པའི་སློབ་གླིང་གི་ཉེས་ཁྲིམས་རིག་པའི་ཆེད་ལས་ལས་ཐོག་སློབ་སྦྱོང་གནང་ནས་ཁྲིམས་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ།)
     2008ལོ་ནས་2012ལོ་བར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དང་། ཏང་ཙུའི་ཧྲུའུ་ཅི་གཞོན་པ། (2011ལོའི་ཟླ་11པར་པུའུ་རིམ་པ་རྒན་པར་གཏན་འཁེལ་བྱས།) འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་གནང་།
     2012ལོ་ནས་2017ལོ་བར་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་གནང་།
     2017ལོ་ནས་2018ལོ་བར་ཁྲིམས་འཛིན་པུའི་པུའུ་ཀྲང་དང་ཏང་ཙུའི་ཧྲུའུ་ཅི་གནང་།
     2018ལོ་ནས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་དང་ཏང་ཙུའི་ཧྲུའུ་ཅི་གནང་། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་དང་ཀྲུང་གུང་སྐབས་བཅུ་བདུན་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་དང་རྒྱུན་ཨུ་གནང་། 2012ལོའི་ཟླ་11པར་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་གཞོན་པ་བཅས་ལ་གསབ་འདེམས་བྱས། 2017ལོའི་ཟླ་2པ་ནས་བཟུང་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ཨུའི་འགན་བཞེས་མེད་པ།