མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་གི་ལོ་རྒྱུས་མདོར་བསྡུས།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་19ཉིན། 11:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་གི་ལོ་རྒྱུས་མདོར་བསྡུས།

        ཞུས་ཆི་ལེའང་། ཕོ། རྒྱ་རིགས། 1950ལོའི་ཟླ་གསུམ་པར་འཁྲུངས། ཧྲན་ཏུང་ལིན་ཆུས་ནས་ཡིན་པ། 1966ལོའི་ཟླ་བདུན་པར་དམག་དཔུང་ལ་ཞུགས། 1967ལོའི་ཟླ་བདུན་པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། མཁའ་དམག་མཁའ་སྐྱོད་སློབ་གྲྭ་ལྔ་པ་ནས་ཐོན་པ་དང་ཆེད་ལས་སློབ་ཆེན་གྱི་སློབ་རྒྱུས་ལྡན།
     ད་ཆ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། མཁའ་དམག་གི་ཧྲང་ཅང་དམག་དཔོན་བཅས་ཀྱི་འགན་བཞེས་བཞིན་ཡོད།
     1965ལོ་ནས་1966ལོ་བར་ཧྲན་ཏུང་ཞིང་ཆེན་གཞོན་ནུ་ལོ་ཆུང་གི་ལས་ཞོར་མཁའ་སྐྱོད་སློབ་གྲྭའི་སློབ་མ་གནང་།
     1966ལོར་མཁའ་དམག་མཁའ་སྐྱོད་གྲ་སྒྲིག་སློབ་གྲྭ་དང་པོའི་སློབ་མ་གནང་།
     1966ལོ་ནས་1967ལོ་བར་སྐམ་དམག་ཅུན་38པའི་ཧྲི་112ཀྱི་ཐོན་335ཡི་དམག་མི་གནང་།
     1967ལོ་ནས་1968ལོ་བར་མཁའ་དམག་མཁའ་སྐྱོད་སློབ་གྲྭ་བརྒྱད་པའི་སློབ་མ་གནང་།
     1968ལོ་ནས་1969ལོ་བར་མཁའ་དམག་མཁའ་སྐྱོད་སློབ་གྲྭ་ལྔ་པའི་སློབ་མ་གནང་།
     1969ལོ་ནས་1970ལོ་བར་མཁའ་དམག་མཁའ་སྐྱོད་དམག་དཔུང་ཧྲི་26པའི་ཐོན་77གྱི་འཕུར་སྐྱོད་པ་གནང་།
     1970ལོ་ནས་1973ལོ་བར་མཁའ་དམག་མཁའ་སྐྱོད་དམག་དཔུང་ཧྲི་26པའི་རང་ཚུགས་རུ་ཆེན་གྱི་འཕུར་སྐྱོད་པ་གནང་།
     1973ལོ་ནས་1976ལོ་བར་མཁའ་དམག་མཁའ་སྐྱོད་དམག་དཔུང་ཧྲི་26པའི་རང་ཚུགས་རུ་ཆེན་གྱི་རུ་དཔོན་གཞོན་པ་གནང་།
     1976ལོ་ནས་1980ལོ་བར་མཁའ་དམག་མཁའ་སྐྱོད་དམག་དཔུང་ཧྲི་26པའི་རང་ཚུགས་རུ་ཆེན་གྱི་རུ་དཔོན་རྒན་པ་གནང་།
     1980ལོ་ནས་1983ལོ་བར་མཁའ་དམག་མཁའ་སྐྱོད་དམག་དཔུང་ཧྲི་26པའི་ཧྲི་ཀྲང་གཞོན་པ་གནང(དེའི་རིང་1982ལོའི་ཟླ་གསུམ་པ་ནས་1982ལོའི་ཟླ་བཅུ་པ་བར་མཁའ་དམག་བཀོད་འདོམས་སློབ་གླིང་གི་དམག་དོན་མཐོ་རིམ་འཛིན་གྲྭར་སློབ་སྦྱོང་གནང)
     1983ལོ་ནས་1984ལོ་བར་མཁའ་དམག་མཁའ་སྐྱོད་དམག་དཔུང་ཧྲི་26པའི་ཧྲི་ཀྲང་གནང་།
     1984ལོ་ནས་1985ལོ་བར་མཁའ་དམག་ཅུན་4པའི་ཅུན་ཀྲང་གཞོན་པ་གནང་།
     1985ལོ་ནས་1986ལོ་བར་མཁའ་དམག་ཧྲང་ཧའེ་བཀོད་འདོམས་སུའོ་ཡི་ཚན་མོའུ་ཀྲང་གནང་།
     1986ལོ་ནས་1988ལོ་བར་རྒྱལ་སྲུང་སློབ་ཆེན་གྱི་གཞི་རྩའི་ཚན་ཁག་གི་སློབ་མ་གནང་།
     1988ལོ་ནས་1989ལོ་བར་མཁའ་དམག་ཅུན་8པའི་ལས་ཚབ་ཅུན་ཀྲང་གཞོན་པ་གནང་།
     1989ལོ་ནས1990ལོ་བར་མཁའ་དམག་ཅུན་8པའི་ཚན་མོའུ་ཀྲང་གནང་།
     1990ལོ་ནས་1993ལོ་བར་མཁའ་དམག་ཅུན་8པའི་ཅུན་ཀྲང་གནང་།
     1993ལོ་ནས་1994ལོ་བར་མཁའ་དམག་གི་ཚན་མོའུ་ཀྲང་གཞོན་པ་གནང་།
     1994ལོ་ནས་1999ལོ་བར་མཁའ་དམག་གི་ཚན་མོའུ་ཀྲང་གནང་(དེའི་རིང་1994ལོའི་ཟླ་དགུ་པ་ནས་1994ལོའི་ཟླ་བཅུ་གཅིག་བར་རྒྱལ་སྲུང་སློབ་ཆེན་གྱི་གཡུལ་འགྱེད་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་། 1998ལོའི་ཟླ་བདུན་པ་ནས་1998ལོའི་ཟླ་བཅུ་པ་བར་རྒྱལ་སྲུང་སློབ་ཆེན་གྱི་རྒྱལ་སྲུང་ཞིབ་འཇུག་ཚན་ཁག་ཏུ་སློབ་སྦྱོང་གནང་།)
     1999ལོ་ནས་2004ལོ་བར་ཧྲེན་དབྱང་དམག་ཁུལ་གྱི་སི་ལིང་ཡོན་གཞོན་པ་དང་ཧྲེན་དབྱང་དམག་ཁུལ་མཁའ་དམག་གི་སི་ལིང་ཡོན་གཅིག་ལྕོགས་གནང་། (དེའི་རིང་2001ལོའི་ཟླ་གསུམ་པ་ནས་2001ལོའི་ཟླ་བདུན་པ་བར་རྒྱལ་སྲུང་སློབ་ཆེན་ཅུན་རིམ་པ་རྒན་པ་ཡན་གྱི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་།)
     2004ལོ་ནས་2007ལོ་བར་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་ཚན་མོའུ་ཀྲང་གཞོན་པ་གནང་།
     2007ལོར་མཁའ་དམག་གི་སི་ལིང་ཡོན་གནང་།
     2007ལོ་ནས་2008ལོ་བར་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་མཁའ་དམག་གི་སི་ལིང་ཡོན་གནང་།
     2008ལོ་ནས་2012ལོ་བར་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མཁའ་དམག་གི་སི་ལིང་ཡོན་བཅས་གནང་།
     2012ལོ་ནས་2013ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་གནང་།
     2013ལོ་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བཅས་གནང་།
     ཀྲུང་གུང་སྐབས་བཅུ་བཞི་པ་དང་སྐབས་བཅོ་ལྔ་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅུ་དྲུག་པ་དང་། སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན། སྐབས་བཅོ་བརྒྱད་པ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་བཅས་གནང་བ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་གཞག་གནང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་གཞག་གནང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་གསབ་སྣོན་གནང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་གནང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་གནང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་གནང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་གནང་།