མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།<<རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་ཁྲོད“ནན་གསུམ་དྲང་གསུམ”གྱི་
ཆེད་དོན་སློབ་གསོའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་ཇུས་གཞི་>>
པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་22ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་<<རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་ཁྲོད“དམ་ནན་གསུམ་དང་དྲང་བདེན་གསུམ”གྱི་ཆེད་དོན་སློབ་གསོའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་ཇུས་གཞི་(གཤམ་དུ་བསྡུས་མིང་ལ་<<ཇུས་གཞི་>>ཞེས་བརྗོད་རྒྱུ)>>པར་འགྲེམས་བྱས་ནས་2015ལོར་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་ཁྲོད“དམ་ནན་གསུམ་དང་དྲང་བདེན་གསུམ”གྱི་ཆེད་དོན་སློབ་གསོའི་ལས་དོན་སྤེལ་རྒྱུའི་ཐད་བཀོད་སྒྲིག་བྱས་པ་རེད།
         <<ཇུས་གཞིའི་>>ནང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་ལས་དོན་སྤེལ་བར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཏེ“རང་གཅུན་ནན་པོ་དང་། དབང་ཆ་བེད་སྤྱོད་ནན་པོ། གཅུན་འདོམས་ནན་པོ། བྱ་བ་དྲང་བདེན་ངང་སྒྲུབ་པ། ལས་གཏོད་དྲང་བདེན་བྱེད་པ། མི་དྲང་བདེན་ཞིག་བྱེད་པ”བཅས་ཀྱི་བླང་བྱ་གཞིར་བཟུང་། ཏང་ལ་ལྷག་བསམ་རྣམ་དག་དང་། རང་ཉིད་སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཐོག་ནས“དམ་ནན་དང་དྲང་བདེན་མེད་པའི”གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ཏེ“ནན་གསུམ་དྲང་གསུམ”གྱི་བླང་བྱ་ལག་བསྟར་གྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཤུགས་ཆེར་བཏང་ནས“སྤྱོད་ཚུལ་བཞིའི”གནད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ཐད་ཕན་འབྲས་དངོས་ཐོན་པ་དང་། སྒྲིག་ཁྲིམས་སྲུང་བ་དང་སྒྲིག་ལམ་ལ་སྣང་ཆེན་དང་ཆབ་སྲིད་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་པའི་ཐད་ཕན་འབྲས་དངོས་ཐོན་པ། དངོས་འཛིན་དངོས་སྒྲུབ་དང་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་དངོས་ཐོན་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         <<ཇུས་གཞིའི་>>ནང་དམ་ནན་གྱི་བླང་བྱ་མཐའ་འཁྱོངས་ཀྱིས་གནད་དོན་ཁྲིད་ཕྱོགས་སུ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་རང་ཉིད་དངོས་འབྲེལ་དེའི་ནང་ཞུགས་ནས་ཕུགས་བསམ་དང་དད་སེམས་ལ་གཡོ་འགུལ་ཐེབས་པ་དང་། དད་གུས་བརྟན་པོ་མེད་པ། བསམ་བློའི་ཁ་ཕྱོགས་འཛོལ་བ། དམིགས་ཡུལ་གྱི་འདུ་ཤེས་ཞན་པ། མང་ཚོགས་ཀྱི་ཁེ་ཕན་སྣང་མེད་དུ་གཏོང་བ། མང་ཚོགས་ཀྱི་དཀའ་སྡུག་ལ་སྣང་ཆུང་བྱེད་པ། ཏང་གཤིས་བློ་སྦྱོང་བྱ་རྒྱུ་མི་འདང་བ། ཏང་གི་རྩ་དོན་ལ་སྣང་ཆེན་མི་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་པ་དང་། དབང་ཆ་གང་བྱུང་དུ་སྤྱོད་པ་དང་། དཔལ་འབྱོར་ཁེ་ཕན་དོན་གཉེར་བྱེད་པ། དཔོན་ཚོང་ངན་འབྲེལ། ཁེ་ཕན་དོན་གཉེར། གནད་དོན་ལ་ཐད་ཀར་ཁ་མི་ཕྱོགས་པ། འགན་འཁྲི་མི་འཁུར་བ། འགན་འཁྲི་འཁུར་མི་ཕོད་པ། ཡ་མེད་སྒྲིག་འགལ་གྱིས“སྤྱོད་ཚུལ་བཞི”གཉེར་བ། མཚམས་མི་འཇོག་པ་སོགས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་སྣང་མེད་དུ་གཏོང་བ་དང་། ཏང་ལ་ལྷག་བསམ་རྣམ་དག་མེད་པ་དང་མི་དྲང་བདེན་ཞིག་མི་བྱེད་པ། མངོན་བརྩི་ལྐོག་འགལ་དང་རང་གི་འདོད་པ་ལྟར་དོན་དག་སྒྲུབ་པ། སེམས་ནང་ཏང་གི་སྒྲིག་ཁྲིམས་མེད་པ་དང་མིག་ནང་རྒྱལ་ཁྲིམས་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་པ་བཅས་བྱས་ཏེ་རིམ་ཁག་འགོ་ཁྲིད་ལས་བྱེད་པས“ནན་གསུམ་དྲང་གསུམ”དེ་བློ་སྦྱོང་དང་། མི་ཡག་པོ་ཞིག་བྱེད་པ། དབང་ཆ་སྤྱོད་སྟངས། རང་ཉིད་ལ་གཅུན་འདོམས་བྱེད་པ་བཅས་ཀྱི་གཞི་རྩའི་གཞི་འཛིན་སར་བྱེད་པ་དང་བྱ་གཞག་སྒྲུབ་པ་དང་ལས་གཏོད་བྱ་སྤྱོད་ཀྱི་གཞི་འཛིན་སར་བྱ་རྒྱུར་སྐུལ་མ་བཏང་སྟེ“ནན་གསུམ་དྲང་གསུམ”གྱི་ལས་བྱེད་པ་ཡག་པོ་ཞིག་བྱེད་དགོས་པའི་ནན་བཤད་བྱས་ཡོད།
        <<ཇུས་གཞིའི་>>ནང་གོང་གིས་འོག་གི་སྣེ་ཁྲིད་པ་དང་དཔེ་སྟོན་སྣེ་ཁྲིད་མཐའ་འཁྱོངས་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ“དམ་ནན་གསུམ་དང་དྲང་བདེན་གསུམ”གྱི་ཆེད་དོན་སློབ་གསོའི་ལས་དོན་སྤེལ་དགོས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་བཅས་ཀྱིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“དམ་ནན་གསུམ་དང་དྲང་བདེན་གསུམ”གྱི་ཆེད་དོན་སློབ་གསོའི་ལས་དོན་སྤེལ་དགོས། དེ་དང་ཆབས་ཅིག་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་གྲོང་ཁྱེར་དང་རྫོང་ཏང་སྲིད་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ལྷག་པར་དུ་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་དེ་བཞིན་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པ་དང་དེའི་ནང་བཙུགས་པའི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་དོ་དམ་མི་སྣར་རིམ་པ་དབྱེ་ནས་བླང་བྱ་འདོན་དགོས་ལུགས་བསྟན་ཡོད།
         <<ཇུས་གཞིའི་>>ནང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་ལས་དོན་དེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྣུར་སྲིང་དང་གཏིང་ཟབ་ཏུ་གཏོང་བ་ཞིག་དང་ཏང་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་ཞིག་ལ་བརྩིས་ནས་འགོ་ཁྲིད་ལས་བྱེད་པའི་རྒྱུན་གཏན་གྱི་སློབ་སྦྱོང་དང་སློབ་གསོའི་ནང་ཁྱབ་པ་བྱས་ཏེ་ཁག་ཐེངས་མི་དབྱེ་བ་དང་། དུས་མཚམས་མི་དབྱེ་བ། ལྷུ་ཚིགས་མི་དབྱེ་བས་དུས་ཐེངས་གཅིག་གི་བྱེད་སྒོར་བརྩི་མི་རུང་། འདི་ལོའི་ཟླ་བཞི་པའི་ཟླ་མཇུག་ནས་བཟུང་རིམ་ཁག་ཏང་སྲིད་ལས་ཁུངས་དང་མི་དམངས་ཚོགས་པ་དང་དེ་བཞིན་དེའི་ནང་བཙུགས་པའི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་བྱ་གཞག་ཚན་པ་དང་གཞུང་ཁོངས་ཁེ་ལས་ཀྱི་འབྲིང་རིམ་ཡན་གྱི་འགོ་ཁྲིད་མི་སྣའི་ཁྲོད་ལས་དོན་སྤེལ་བ་དང་རིམ་པ་ཁག་ཏུ་དུས་མཚུངས་སུ་སྤེལ་དགོས་ལུགས་ཁ་གསལ་བསྟན་ཡོད།
         <<ཇུས་གཞིའི་>>ནང་ཆེད་དོན་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ལས་དོན་དང་ཟུང་འབྲེལ་གྱིས་རྫོང་རིམ་པ་ཡན་གྱི་ཏང་ཨུད་(ཏང་ཙུའུ)ཀྱི་ཧྲུའུ་ཅིས་སྣེ་ཁྲིད་དེ“ནན་གསུམ་དྲང་གསུམ”གྱི་ཆེད་དོན་ཏང་གི་སློབ་ཚན་འཁྲིད་དགོས། ཏང་ཨུད་(ཏང་ཙུའུ)ཀྱི་ལྟེ་བའི་ཚོགས་ཆུང་དང་དེའི་ནང་བཙུགས་པའི་སྒྲིག་གཞིའི་ཏང་རྩ་འཛུགས་ཀྱིས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་སྦྱོང་དང་ཞིབ་བསྡུར་བྱེད་དགོས། འདི་ལོའི་ལོ་མཇུག་ཏུ་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པ་དང་དེ་བཞིན་དེའི་ནང་བཙུགས་པའི་སྒྲིག་གཞིའི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་འཚོགས་ནས“ནན་གསུམ་དྲང་གསུམ”གྱི་བརྗོད་དོན་གཙོ་བོ་ལག་བསྟར་བྱེད་དགོས། དག་ཐེར་དོན་འཁྱོལ་དང་སྒྲིག་སྲོལ་གཏན་ལ་ཕབ་ནས་ལག་བསྟར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་སློབ་སྦྱོང་བྱེད་ཀྱིན་ཞིབ་བཤེར་དང་དག་ཐེར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འགོ་ཁྲིད་ལས་བྱེད་པ་གཙོ་བོས་སྣེ་ཁྲིད་པ་དང་གནད་དོན་གྱི་བཤེར་ཐོ་བཟོས་ཏེ་རེ་རེ་བཞིན་དག་ཐེར་དང་ཆེད་དོན་བཅོས་སྒྲིག་བྱས་ནས་སྤྱོད་བཟང་སྒྲིག་ནན་དུ་གཏོང་དགོས། “དམ་ནན་དང་དྲང་བདེན་མེད་པའི”གནད་དོན་གནས་པའི་འགོ་ཁྲིད་ལས་བྱེད་པར་སློབ་གསོ་བཏང་ནས་གོ་རྟོགས་མཐོ་རུ་གཏོང་རྒྱུར་གཞི་ཚུགས་ཏེ་ལེགས་བཅོས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་བསམ་འཆར་ཆེ་བ་དང་། གནད་དོན་འཚོལ་བཤེར་ནན་ཏན་བྱེད་མི་ཐུབ་པ། ལེགས་བཅོས་མངོན་གསལ་དོད་པོ་མ་བྱུང་བ་བཅས་ཀྱི་རིགས་རྩ་འཛུགས་ཀྱིས་ལེགས་སྒྲིག་བྱེད་དགོས། “དམ་ནན་དང་དྲང་བདེན་མེད་པའི”གནད་དོན་ལ་དམིགས་ནས་ལམ་ལུགས་འཛུགས་པ་དང་སྒྲིག་སྲོལ་གཏན་ལ་ཕབ་སྟེ་བཙན་ཞིང་ནན་པའི་སྒོ་ནས་ལག་བསྟར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ལུགས་བསྟན་ཡོད།
         <<ཇུས་གཞིའི་>>ནང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་ལས་དོན་སྤེལ་རྒྱུ་དེ་མིག་སྔའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་ས་གནས་དེ་རང་དང་སྡེ་ཚན་དང་ཚན་པ་དེ་གའི་ལས་འགན་གཙོ་བོ་ལེགས་གྲུབ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་ཆེད་དོན་སློབ་གསོ་དེ་རྒྱུན་གཏན་གྱི་ལས་ཀ་དང་མཉམ་འདྲེས་ལུགས་མཐུན་ཡོང་བ་དང་ཕན་ཚུན་སྐུལ་འདེད་ཐུབ་པ་བྱས་ཏེ་ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀ་མི་འཕྱུགས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།