མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོ་པུའུ་སོགས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་《དུས་སྐབས་གསར་པའི་སློབ་གྲྭ་
འབྲིང་ཆུང་གི་དཔེ་མཛོད་ཁང་བསྐྲུན་པ་དང་སྤྱོད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་
རྒྱུའི་སྐོར་གྱི་བསམ་འཆར་》ཞེས་པ་པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་07ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཉེ་དུས་སློབ་གསོ་པུའུ་དང་། རིག་གནས་པུའུ། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་བཅས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་《དུས་སྐབས་གསར་པའི་སློབ་གྲྭ་འབྲིང་ཆུང་གི་དཔེ་མཛོད་ཁང་བསྐྲུན་པ་དང་སྤྱོད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》ཞེས་པ་པར་འགྲེམས་བྱས་ནས་དུས་སྐབས་གསར་པའི་སློབ་གྲྭ་འབྲིང་ཆུང་གི་དཔེ་མཛོད་ཁང་འཕེལ་རྒྱས་ཀྱི་ངེས་གནས་ཁ་གསལ་ཡོང་བ་བྱས་པ་དང་མིག་སྔར་ཚད་གཞི་མི་འདྲ་བའི་དཔེ་དེབ་ཀྱི་སྤུས་ཚད་ཞན་པ་དང་སློབ་གསོ་དང་སློབ་ཁྲིད་མཉམ་འདྲེས་བྱ་རྒྱུ་མི་འདང་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་དམིགས་སའི་རང་བཞིན་ལྡན་པའི་ལས་དོན་སྤེལ་ཐབས་རབ་དང་རིམ་པ་བཏོན་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། དེ་ནི་སློབ་གྲྭ་འབྲིང་ཆུང་གི་དཔེ་མཛོད་ཁང་བསྐྲུན་པ་དང་བེད་སྤྱོད་ཀྱི་ཕྱོགས་ཡོངས་ཀྱི་ལས་དོན་ལ་དམིགས་པའི་ཆ་ལག་ཚང་བའི་ཡིག་ཆ་ཨང་དང་པོ་དེ་ཡིན་པ་དང་དེར་གསར་གཏོད་རང་བཞིན་ལྡན་ཡོད་པས་ང་ཚོའི་དུས་བབ་གསར་པའི་འོག་གི་རྨང་གཞིའི་སློབ་གསོའི་སྒྲིག་བཀོད་ཀྱི་སྤྱི་ཡོངས་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་སྐབས་ཀྱི་ལམ་སྟོན་པ་ཞིག་ལ་འགྱུར་རྒྱུ་རེད།
         《བསམ་འཆར་》ནང་2018ལོར་སླེབས་སྐབས་ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་སློབ་གྲྭའི་འཛུགས་སྐྲུན་གྱི་ཚད་གཞི་གཞིར་བཟུང་། དཔེ་མཛོད་ཁང་མང་དུ་དང་གསར་སྐྲུན་བྱེད་པ་དང་ཚད་གཞིར་སླེབས་མེད་པའི་དཔེ་མཛོད་ཁང་ལེགས་སུ་གཏོང་བ་དང་ཆ་རྐྱེན་མེད་པའི་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་དང་སློབ་ཁྲིད་ས་ཚིགས་སུ་དཔེ་སྒྲོམ་སོགས་ཉོ་དགོས། 2020ལོར་སླེབས་སྐབས་སློབ་གྲྭ་འབྲིང་ཆུང་མང་ཆེ་བས་རྒྱལ་ཁབ་ཀྱི་གཏན་འབེབས་ཚད་གཞི་གཞིར་བཟུང་དཔེ་མཛོད་ཁང་བསྐྲུན་དགོས། སློབ་ཚན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། བྱང་ཚད་སློབ་གསོ་དང་འཚམ་པའི་དེང་རབས་ཅན་གྱི་སློབ་གྲྭ་འབྲིང་ཆུང་གི་དཔེ་མཛོད་ཁང་སྐྲུན་པ་དང་། དོ་དམ། ཞབས་ཞུ་བཅས་ཀྱི་མ་ལག་སྤྱིར་བསྐྲུན་དགོས་ལུགས་བསྟན་ཡོད།
         《བསམ་འཆར་》ནང་གཙོ་གནད་ལས་འགན་ཁག་6གཏན་འཁེལ་བྱས་པ་སྟེ། གཅིག་ནི་རྨང་གཞིའི་ཆ་རྐྱེན་བསྐྲུན་རྒྱུར་སྐུལ་མ་གཏོང་དགོས། ས་གནས་ཁག་ལ་འཛུགས་སྐྲུན་ལ་སྐུལ་མ་མགྱོགས་མྱུར་བཏང་ནས་སློབ་གྲྭ་འབྲིང་ཆུང་གི་དཔེ་མཛོད་ཁང་དེ་སྒྲིག་བཀོད་ཆ་ཚང་བ་དང་། ནུས་པ་ལྡན་པ། འཁོར་སྐྱོད་བདེ་བླག ཞབས་ཞུ་སྟབས་བདེ་བ། སྤྱོད་ཚད་ཆེ་བ་བཅས་ཀྱི་མི་སྣ་གསོ་སྐྱོང་གི་གཡུལ་ས་དང་སློབ་ཚན་གལ་ཆེན་ཞིག་ཏུ་བསྐྲུན་དགོས་པའི་བླང་བྱ་བཏོན་པ་དང་། གཉིས་ནི་དཔེ་དེབ་ཀྱི་སྤུས་ཚད་འགན་ལེན་བྱེད་དགོས། འོས་སྦྱོར་བྱས་པའི་དཀར་ཆག་གཞིར་བཟུང་། དཔེ་དེབ་འདེམས་སྤྱོད་བྱེད་དགོས་པ་དང་སློབ་མ་དང་དགེ་རྒན་གྱིས་དཔེ་དེབ་བཀླགས་ནས་ཕྱིར་ལྡོག་བྱས་པའི་བསམ་འཆར་དང་དཔྱད་མོལ་འོས་སྦྱོར་ལམ་ལུགས་འཚོལ་ཞིབ་བྱས་ཏེ་སློབ་མ་དང་དགེ་རྒན་གྱི་སེམས་ནང་གི་དེབ་ཡག་པོ་འདེམས་དགོས་པའི་བླང་བྱ་བཏོན་པ། གསུམ་ནི་དཔེ་དེབ་ཉོ་སྒྲུབ་ལམ་སྲོལ་ཚད་ལྡན་བཟོ་དགོས། རིམ་ཁག་སློབ་གསོ་དང། རིག་གནས། གསར་འགྱུར་དཔེ་སྐྲུན་བཅས་སྡེ་ཚན་ལ་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་ཕྱོགས་མང་པོ་ཞུགས་པའི་ཉོ་སྒྲུབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཐུན་མོང་ཐོག་སློབ་གྲྭ་འབྲིང་ཆུང་གི་དཔེ་མཛོད་ཁང་གི་དཔེ་དེབ་ཉོ་སྒྲུབ་དང་སྤུས་ཚད་ཡག་པོ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་པ། བཞི་ནི་ཆ་འཕྲིན་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། དོ་དམ་ཆ་འཕྲིན་ཅན་དང་ཞབས་ཞུའི་ཐད་དྲ་མིག་ཅན་རིམ་བཞིན་ཆགས་པ་བྱས་ཏེ་ས་ཁོངས་ནང་གི་དཔེ་མཛོད་ཁང་གི་ཤོག་རིགས་དཔེ་དེབ་དང་ཚགས་པར་དང་དུས་དེབ་མཉམ་འབྲེལ་འཚོལ་སྒྲིག་དང་སྤྱི་པའི་ཞིབ་དཔྱད་དང་བཙལ་འཚོལ་སོགས་ཀྱི་ནུས་པ་འཚོལ་ཞིབ་བྱེད་དགོས་པའི་བླང་བྱ་བཏོན་པ། ལྔ་ནི་མི་སྣ་སྐྱེད་སྲིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། དཔེ་མཛོད་ཁང་དང་སློབ་ཚན་སློབ་ཁྲིད་ཟུང་འབྲེལ་ནུས་ལྡན་དང་འབྲེལ་འདྲིས་གཏིང་ཟབ་ཐུབ་རྒྱུར་སྐུལ་མ་བཏང་ནས་ཆ་འཕྲིན་ཐོན་ཁུངས་འཚོལ་ཞིབ་དང་། ལེགས་སྒྲིག དབྱེ་ཞིབ། འདེམས་སྤྱོད་བཅས་བྱེད་པའི་སློབ་མའི་ནུས་པ་ཆེ་རུ་གཏོང་བ་དང་སློབ་མའི་ཆ་འཕྲིན་གྱི་བྱང་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ། དྲུག་ནི་ཁྱིམ་རྒྱུད་དཔེ་ཆ་བའི་སྤྱི་ཚོགས་བསྐྲུན་རྒྱུར་ཁྲིད་སྟོན་བྱེད་དགོས། སློབ་ཆུང་སློབ་མས་ཉིན་ལྟར་སློབ་གསེང་དུ་དཔེ་དེབ་ཆུ་ཚོད་ཕྱེད་ཀ་ཡན་ཀློག་པ་དང་སློབ་འབྲིང་སློབ་མས་ཉིན་ལྟར་སློབ་གསེང་དུ་དཔེ་དེབ་ཆུ་ཚོད་གཅིག་ཀློག་རྒྱུ་དར་སྤེལ་གཏོང་དགོས། སློབ་གྲྭ་འབྲིང་ཆུང་གི་དཔེ་མཛོད་ཁང་ཁྱིམ་བདག་གིས་ཀྱང་སྤྱོད་རྒྱུར་སྐུལ་མ་གཏོང་བ་དང་སློབ་མ་དང་ཁྱིམ་བདག་གིས་ཐུན་མོང་ཐོག་དཔེ་དེབ་ཀློག་པ་དང་དཔེ་དེབ་གཅིག་མཉམ་དུ་བཀླགས་ནས་དཔེ་ཀློག་གི་རྣམ་པ་བཟང་པོ་ཞིག་གཏོད་དགོས་པ་བཅས་རེད།